ཚ་ཚི་གྲོང་མཚོའི་སྐོར།།
སྔོན་ཚ་ཚི་ཞེས་པའི་གྲོང་ཡུལ་དེ་མ་ཆགས་པའི་སྔོན་དུ་ཡུལ་དེ་ནང་ཅི་དང་ཡང་མི་འདྲ་བའི་མཚོ་ཆེན་པོ་གནས་འདུག མཚོ་དེ་འདྲེ་མཚོ་ཡིན་པས་ ལོ་རེ་བཞིན་ཡུལ་དེ་ནང་གི་མི་དང་སེམས་ཅན་རྣམས་ལ་གནོད་པ་བྱེད་པ་དང་
འདྲེ་སྲིན་ཚོགས་འཇིགས་སྐྲག་ཡང་ཡང་སྟོན་འདུག། མཚོ་དེའི་འགྲམ་ནས་མི་གསུམ་འགྲོ་ན་ཁྱིམ་དུ་གཅིག་སླེབས་པ་དང་ ལོ་ཐོག་ལ་ཡང་སྐབས་རི་དྭགས་དང་སྲོག་ཆགས་ཀྱིས་གནོད་པ་བྱེད་དེ་ ཡུལ་འདིར་ནད་དང་མུ་གེ་སོགས་ བྱུང་སྟེ་ཞི་བདེ་མེད་པའི་དུས་ལུ་སླེབ་འདུག། ཡུལ་དེ་ནང་ཕ་རྒན་ཞིག་ལ་གླང་གོག་སྟོབས་ལྡན་ཞིག་ཆང་འདུག། ལན་ཅིག་ ཡུལ་དེའི་མི་རྣམས་མཉམ་དུ་ཚོགས་ནས་ ཕ་རྒན་དེའི་གླང་གོག་འདི་གྲོང་ཡུལ་དེའི་མཚོ་གླང་མཉམ་འཐབ་དགོས་པར་ཐག་གཅོད་འདུག། དེ་ནས་གླང་གོག་དེ་མི་རྣམས་ཀུན་གྱི་མཚོའི་འགྲམ་དུ་བཞག་ནས རང་སོའི་གནས་སར་འགྲོ་ནས་ དེའི་ནངས་པ་ལྟ་བུ་ལ་ གླང་གོག་འདི་གཟུགས་ཁྲག་གིས་གང་བ་ ཐང་ཆད་དེ་ལོག་ཁང་པར་སླེབས་འདུག། གྲོང་ཡུལ་དེའི་ནང་དུ་ མཚོ་གླང་དང་གླང་གོག་གཉིས་འཐབ་པའི་ཉིན་མོ་དེ་ལས་ ཅི་དང་མ་འདྲ་བའི་ངར་སྐད་བྱུང་ཞེས་བཤད་ནེ་འདུག། དེ་ནས་ཇོ་བདག་གི་གླང་གོག་གི་རྭ་ཐོག་ལ་གྲི་སྡམ་སྟེ་སླར་མཚོ་གླང་མཉམ་འཐབ་པར་འུར་སྒྲ་དང་བཅས་སོང་ཡོད་པ་དང་དེའི་ཚེ་ ཉི་མ་མ་འཛུལ་བའི་སྔོན་དུ་ལས་ གླང་གོག་འདི་ལོག་ཇོ་བདག་གི་ཁང་པར་སླེབས་འདུག། ནངས་པ་ལྟ་བུ་ལ་གྲོང་མི་ཐམས་ཅད་ མཚོ་འདིའི་འགྲམ་དུ་སོང་སྟེ་ལྟ་བའི་ཚེ་ མཚོ་གླང་འདི་ཤི་ས་མཐོང་སྟེ་ རོ་འདི་མི་རྣམས་ཀྱིས་ཟས་སུ་སྤྱོད་པར་བླངས་འདུག། མཚོ་གླང་གི་ཤ་འདི་ གྲོང་མི་ཚང་མ་གི་སྤྱོད་ནི་ཆེད་དུ་བགོ་བ་དང་ དེའི་ནང་ནས་རྒན་མོ་ཨ་མ་ཞིག་གི་ཤ་དེ་མ་ལེན་པས། ཡིན་ཀྱང་ཤ་དེ་རྒན་མོ་ཨ་མ་དེའི་སྒོ་ཁར་བཞག་ནས་སོང་ཡོད་པ་ཡིན། དུས་ཚོད་དེ་ལྟ་བུ་ལ་ ཨ་རྟག་དང་མ་འདྲ་བའི་ ཆར་པ་ཆེན་པོ་འབེབ་སྟེ་ཡུལ་ཐ་དག་འཛད་ཟ་ཆེན་པོས་ཟད་པ་ཡིན་པས།ཡིན་ན་ཡང་རྒན་མོ་ཨ་མ་འདི་མཚོ་གླང་གི་ཤ་མ་ཟ་བ་ལས་ཨ་མ་དང་ཨ་མའི་ཁང་པ་གཅིག་པོར་གནོད་པ་མེད་པར་ཡོད་པས་ཚ་ཚི་གྲོང་ཡུལ་འདི་རྒན་མོ་ཨ་མ་ཞིག་གི་ས་ཡིན་ཟེར་ཡང་བཤད་སྲོལ་འདུག།
དེ་རིང་ནངས་པར་ཡང་ ཚ་ཚི་སྨན་ཆ་བི་ལམ་ཞེས་པའི་གནས་འདིར་གླང་གོག་ཆེན་པའི་རྐང་རྗེ་ ཤིང་ཆེན་པོ་གུར་ དངོས་སུ་མཐོང་བཞིན་ཡོད་པ་དང་། པ་རྟིང་ཞེས་པའི་གནས་དེ་ནང་ཡང་ རྭ་གི་ཤུལ་མཐོང་ནི་ཡོད་པར་ བཤད་དོ་ཡོད་པ་ཡིན།
ཀརྨ་དངོས་གྲུབ།karma nidup
སྐད་ཡིག་དང་རྩོམ་རིག BA.Language and Literature
ལོ་ངོ་དང་པ།།First year
From:Pemagatshel, Bhutan, Email:Karma.Nidup634@gmail.com Cont:+97517250451 Wechat id:NidupKar634, College of Language and Culture Studies, Bachelor's of Arts in Language and Literature. Nalanda University, Masters in Historical Studies. YouTube Channel: Bhutanese Jester
Saturday, February 24, 2018
ཚ་ཚི་གྲོང་མཚོའི་སྐོར།།
Subscribe to:
Post Comments (Atom)
Early and the Mature Indus Civilization and its Sites by Karma Nidup
Title: Early and the Mature Indus Civilization and its Sites. Abstract The Indus civilization is much older than previously thought, with...
-
སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ། ཏཱ་ར་ནཱ་ཐ། ཨོཾ་སྭཱ་སྟི།ན་མོ་གུ་རཱི། སྒྲོལ་མའི་རྒྱུད་ཀྱི་བྱུང་ཁུངས...
-
ངེའི་ཕ་ཡུལ་གངས་རི་དཀར་པོ། ངེའི་ཕ་ཡུལ་གངས་རི་དཀར་པོ་འདྲ།། གངས་རི་དཀར་པོ་མཐོང་ཚེ་ཕ་ཡུལ་དྲན།། སྤང་ལ་གི་འོ། ངེའི་ཡབ་ཆེན་ཁྲི་གདུགས་ཉི་མ་འདྲ།། ...
-
དགའ་གླུ ། Love Song ངེའི་སྙིང་གཏམ། ཞལ་འཛུམ་མདངས་ལྡན་པའི་སྨན་ཆུང་ཁྱོད། ། གནམ་སེར་ཁའི་ལྡུམ་རའི་མེ་ཏོག་འདྲ། ། ང་སེར་སྦྱངམ་ལྡུམ་ར...
No comments:
Post a Comment