Friday, March 27, 2020

ངེའི་སྙིང་གཏམ།


དགའ་གླུ །   Love Song
ངེའི་སྙིང་གཏམ།

ཞལ་འཛུམ་མདངས་ལྡན་པའི་སྨན་ཆུང་ཁྱོད། །
གནམ་སེར་ཁའི་ལྡུམ་རའི་མེ་ཏོག་འདྲ། །
ང་སེར་སྦྱངམ་ལྡུམ་ར་སྐོར་འདི་གིས། །
རོ་མངར་བའི་སྦྲང་རྩི་འཐུང་པ་སྤྲོ། །

བཅུད་ཆེ་བའི་མངར་ལྡན་སྦྲང་རྩི་འདི། །
རང་འཐུང་ཚེ་གཟུགས་ཀྱི་སྟོབས་ཤུགས་འཕེལ། །
བཙོག་དམ་ཚིག་མེད་པའི་སྦྱང་ནག་ལུ། །
ཨའི་མེ་ཏོག་ཁྱོད་ཀྱིས་སྤྱོད་མ་བཅུག །

ལུས་ཕྱ་བའི་མཛེས་ལྡན་ཡིད་འོང་ཁྱོད། །
ཕྱི་ལྟ་ཚེ་ཡར་ངོའི་ཟླ་དཀར་བཟུམ། །
ནང་རེག་ཚེ་འཇམ་པའི་ཀ་བལ་བཟུམ། །
ཁྱོད་ལྷ་ཡུལ་གཡུས་ཀྱི་བུམོ་མེན་ན། །

བུམོ་ཁྱོད་ཀྱི་ཁ་དར་དཀར་པོ་ལུ། །
ཨའི་འགྱུར་མེད་མདུད་ཕུད་ཡོད་པ་ཅིན། །
བུ་ངེ་གིས་མི་ཚེ་ཡོལ་རུང་ར། །
དམ་ཚིག་མི་འཁྲུལ་ཁྱོད་ལུ་བཞག་ནི་ཨིན། །

ཀརྨ་དངོས་གྲུབ། 
སྐད་ཡིག་དང་རྩོམ་རིག   ལོ་ངོ་༣  པ།
རིག་གཞུང་མཐོ་རིམ་སློབ་གྲྭ། 



My Hearty Words



The girl with a shimmering smile on face,
Resembles spring seasoned flower in the garden.
I, honey-bee surrounding the garden and
Quaffing saccharine nectar was pleasurable.

Quaffing nutritious saccharine nectar
Animate the energy of my body.
Do not let your nectar draw out of beautiful flower
By unfaithful and dirty fly.

You the charming girl with slender body
Physically look like full brightening waxing moon.
Sensing your body is as soft as cotton.
Are not you the angle of heaven?

If there is unchanging knot
In your whitish scarf,
My faithfulness towards you shall be kept infallible
Even if my life ends.


karma Nidup
Bachelors of Arts in Language and Literature
College of Language and Culture Studies  


No comments:

Post a Comment

Buddhist Temple in Pemaling, Samtse, Bhutan

 Buddhist Temple in Pemaling, Samtse, Bhutan Photograph by Karma Nidup, Bhutanese Jester