Thursday, October 4, 2018

སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ། ཏཱ་ར་ནཱ་ཐ།

སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ། ཏཱ་ར་ནཱ་ཐ།
ཨོཾ་སྭཱ་སྟི།ན་མོ་གུ་རཱི།
སྒྲོལ་མའི་རྒྱུད་ཀྱི་བྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བ་བླ་མ་ལ་ཕྱག་འཚལ་ལོ། །ཆོ
ས་ཀུན་གདོད་ནས་སོས་དང་བྲལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོས་དངོས་ཀུན་ཁྱབ་ལ་ཕྱག་འཚལ་ལོ། །མ
ཐའ་དག་འགྲོ་བ་མཆོག་ཏུ་སྒྲོལ་ལ་ཕྱག་འཚལ་ལོ། ། རྒྱལ་བའི་ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །
ཐོག་མར་ཐུགས་བསྐྱེད་ཚུལ།
འདིར་སྒྲོལ་མའི་རྒྱུད་གསུངས་པའི་ཐོག་མར་ལོ་རྒྱུས་གསུང་བ་དག་བསྙད་ན། སྔོན་ཐོག་མ་མེད་པའི་དུས་ཤིག་ན།
འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱུང་སྟེ།
དེའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད་དེ།
དེས་སངས་རྒྱས་དེ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་པ་དང་བཅས་པ་ལ་ལོ་བྱེ་བ་
བརྒྱ་སྟོང་གི་བར་དུ་མཆོད་པར་བྱས་ཏེ།
ཉི་མ་རུ་རུ་བཞིན་དུ་ཕྱོགས་བཅུ་དཔག་ཚད་བཅུ་གཉིས་ཐམས་ཅད་རིན་པོ་ཆེས་གོ་མཚམས་མེད་པར་བཀང་བའི་རི
ན་ཐང་གི་ཚད་དང་མཉམ་པའི་མཆོད་རྫས་དག་བཤམས་སོ། །
དེའི་མཐར་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སེམས་དང་པོ་བསྐྱེད་པ་ཡིན་ནོ། །དེའི་ཚེ་དགེ་སོང་རྣམས་ཀྱིས་ཁྱེད་དགེ་བ
འི་རྩ་བ་འདི་ཉིད་ཀྱིས་ལུས་འདི་ཉིད་ལ་སྐྱེས་པར་གྱུར་ཏེ།
བསྟན་པ་ལ་བྱ་བ་བྱེད་པར་སོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་བའི་ཕྱིར་དེ་ལྟར་རིགས་སོ་ཞེས་བསྐུལ་བ་ལས།
དྲིན་ལན་མང་དུ་ཡོད་སྐད་པ་ལ། མཐར་རྒྱལ་བའི་བུ་མོས་སྨྲས་པ། འདི་ན་སྐྱེས་པ་མེད་ཅིང་བུད་མེད་མེད། །
བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། །ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། །
འཇིག་རྟེན་བློ་ངན་རྣམ་པར་འཁྲུལ་བར་གྱུར།།ཅེས་བྱ་བ་ལ་སོགས་པ་བརྗོད་དེ།སྐྱེས་པའི་རྟེན་ལ་བྱང་ཆུབ་འདོད་པ་
ནི་མང་གི །བུད་མེད་ཀྱི་ལུས་ཀྱི་འགྲོ་བའི་དོན་སོད་པ་ནི་འགའ་ཡང་མེད་དོ། །དེ་བས་ན་འཁོར་བ་མ་སྟོང་ཀྱི་བར་དུ་
བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ། །ཞེས་དམ་བཅས་སོ། །དེ་ནས་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ།
དེ་རྒྱལ་པོའི་ཕོ་བྲང་དུ་གནས་ཤིང་འདོད་པའི་ཡོན་ཏན་ལྔ་ལ་ཐབས་མཁས་པས་སོད ་བཞིན་དུ་ངང་་་འནན་བམམས
་པས།མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང༌།འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ངང་་་འནན་བསྒྲུབས་སོ། །ངང
་་་འནན་གྲུབ་པ་དེའི་ནུས་པས།དེ་ནས་ཉིན་རུ་བཞིན་དུ་སྔ་དོའི་དུས་ཀྱི་ཚེ།སེམས་ཅན་བྱེ་བ་བརྒྱ་སྟོང་རུ་འཇིག་རྟེན་
པའི་སེམས་ལས་བསྒྲལ་ཏེ།བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་ཟ་བར་མི་བྱེད་དོ། །ཉི་མ་ཕྱི་དོའི་ཚེ་ཡང་དེ་ཙམ་རུ་
འགོད་པར་བྱེད་དོ།།དེ་ནས་སྔར་གྱི་མིང་དེ་འགྱུར་ནས།སྒྲོལ་མ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་
རྔ་སྒྲས་ཀྱང༌།ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་པ་དེ་སྲིད་དུ།མིང་ལྷ་མོ་སྒྲོལ་མས་མཚན་པ་འབའ་ཞིག་ཏུ
་འགྱུར་བར་ལུང་བསྟན་ཏོ།དེ་ནས་བསྐལ་པ་བི་བུདྡྷ་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ།དེ་བཞིན་གཤེགས་པ་དོན་ཡོད་
གྲུབ་པའི་དྲུང་དུ།ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་ཉེ་བར་འཚེ་བ་ཐམས་ཅད་བ
སྲུང་ཞིང་སྐྱོབ་པར་དམ་བཅས།བདུད་ཐམས་ཅད་རྣམ་པར་འཇོམས་པའི་ངང་་་འནན་ལ་སྙོམས་པར་བཞུགས་པས་
བསྐལ་པ་དགུ་བཅུ་རྩ་ལྔའི་བར་དུ་ཉིན་རུ་བཞིན་དུ་འགྲོ་བའི་གཙོ་བོ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་རུ་བསམ་གཏན་ལ་
ཡང་དག་པར་བཀོད། ནུབ་རུ་བཞིན་གཞན་འཕྲུལ་བདག་པོ་སྟེ་བདུད་བྱེ་བ་བརྒྱ་སྟོང་རུ་བཏུལ་བས་སྒྲོལ་མ།
གདུང་མ། མྱུར་མ། དཔའ་མོ་ཞེས་མཚན་དུ་བཏགས་སོ། །དེ་ནས་བསྐལ་པ་ཐོག་པ་མེད་པ་ཞེས་བྱ་བ་ལ།
དགེ་སོང་དྲི་མ་མེད ་པའི་འོད་ཀྱི་སྣང་བ་ཞེས་བྱ་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངང་རྗེ་ཆེན་པོ
འི་འོད་ཟེར་གྱིས་མངོན་པར་དབང་བསྐུར་བས། དེ་ཉིད་འཕགས་པ་སན་རས་གཟིགས་སུ་གྱུར་ལ།
དེའི་ཚེ་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས།
སར་ཡང་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་འོད་ཟེར་ཆེན་པོའི་དབང་བསྐུར་བས།འོད་ཟེར་སྔ་ཕྱི་གཉིས་ཡབ་ཡུམ་
དུ་གྱུར་པ་འདྲེས་པ་ལས་ལྷ་མོ་སྒྲོལ་མར་གྱུར་ཏེ་སན་རས་གཟིགས་ཀྱི་ཐུགས་ཀ་ནས་བྱུང་ནས་སངས་རྒྱས་ཐམས་
ཅད་ཀྱི་དགོངས་པ་བསྐང་བ་དང༌།སེམས་ཅན ་རྣམས་འཇིགས་པ་ཆེན་པོ་བརྒྱད་དང༌།བཅུ་དྲུག་ལས་སྐྱོབ་པར་མཛད་
དོ། །དེ་ནས་བསྐལ་བ་བཟང་པོ་ཆེན་པོ་ཞེས་བྱ་བ་ལ་མི་གཡོ་དབུགས་འབྱུང་གི་སྐབས་ནས་འབྱུང་བ་ལྟར་བསྟན་ནོ
། །དེ་ནས་བསྐལ་པ་ཨ་སངྐ་ཞེས་པ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་སང
ས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་གྱུར་ཏོ། །དེ་དག་ནི་སྔོན་ཐོག་མ་མེད་པའི་དུས་སོ། །
འཇིགས་པ་བཅུ་དྲུག་ལས་བསྐྱབས་པའི་ལོ་རྒྱུས།
དེ་དག་གི་ཚེ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉིད་ཀྱི་ཐུགས་རྗེས་མ་བསྒྲུབས་པར་ཡང་ཞལ་བསྟན་ཅིང༌།
རྗེས་སུ་གཟུང་བའི་ལོ་རྒྱུས་གསུང་བགྲོས་ལས་འབྱུང་བ་མདོ་ཙམ་ཞིག་བསྙད་ན།
སེང་གེའི་འཇིགས་པ་ལས་སྐྱབས་པ་ནི།ཤིང་འཐུ་ཞིང་ནགས་ཚལ་དུ་སོང་བ་ལས།སེང་གེ་མོ་བཀྲེས་པ་དང་ཕྲད་ནས་ ཟ་བར་བརྩམས་ཏེ་ཁར་ཐོགས་ནས་རང་གི་ཚང་དང་ཉེ་བར་སོང༌།དེར་འཇིགས་ཤིང་སྐྲག་པས་སྒྲོལ་མ་ལ་གསོལ་བ་
བཏབ་པས།མདུན་དུ་བུད་མེད་ཤིང་ལོའི་གོས་ཅན་ཞིག་བྱུང་ནས་སེང་གེ་མོའི་ཁ་ནས་དེ་བླངས་ཏེ།
གྲོང་ཁྱེར་གྱི་ཚོང་འདུས་སུ་བཞག་གོ ། གླང་པོའི་འཇིགས་པ་ལས་སྐྱབས་པ་ནི།
ཡུལ་གྱི་བུ་མོ་ལོ་བཅུ་གཉིས་ལོན་པ་ཞིག་མེ་ཏོག་འཐུ་བར་ནགས་གསེབ་ཏུ་སོང་བ་ན།ཁུ་ནི་ཞེས་བྱ་བ་གླང་པོ་ཆེ་ག
ཏུམ་པོ་དང་འཕྲད་དེ།དེས་སྣ་ཤལ་གྱིས་བཅིངས།མཆེ་བ་བསྣུན་པར་བརྩམས་པ་ན།སྒྲོལ་མའི་མཚན་དན་པར་བྱས་
ཤིང༌།ངང་ཐག་པ་ནས་གསོལ་བ་བཏབ་པས་གླང་པོ་ཆེ་དབང་དུ་གྱུར་ཏེ།རོའི་སྟེགས་མཐོན་པོ་ལ་བཞག་སྟེ་སྣ་ཤལ་
གྱིས་ཕྱག་བྱས་ཤིང༌།ཡང་བླངས་ནས་གྲོང་ཁྱེར་གྱི་ཚོང་འདུས་ཀྱི་གནས་སུ་ཡང་དེ་བཞིན ་དུ་བྱས་སོ། །དེ་ནས་འདུན
་ཁང་དང༌།ལྷ་ཁང་དང༌།རྒྱལ་པོའི་ཕོ་བྲང་གི་མར་ཡང་དེ་ལྟར ་དུ་བྱས་པས།བུ་མོ་འདི་ནི་བསོད་ནམས་དང་ལྡན་པ་ཞིག
་གོ་ཞེས་རྒྱལ་པོའི་བཙུན་མོར་གྱུར་ཏོ།མེའི་འཇིགས་པ་ལས་བསྐྱབས་པ་ནི།ཤ་འཁོན་ཆགས་པའི་ཁྱིམ་ཚང་གཅིག །
ནུབ་མོ་ཁང་པ་ལ་དགྲ་ཡིས་མེ་བཏང་བས་འབྲོས་པར་བརྩམས་པ་ལས་མ་ཐར་བའི་ཚེ།
ཀྱེ་སྒྲོལ་མ་ཀྱེ་མ་ཧོ་སྒྲོལ་མ་ཞེས་མཚན་ནས་བརྗོད་པས།ཁྱིམ་གྱི་སྟེང་དུ་སྤྲིན་ཤིན་ཏུ་སྔོ་ཞིང་མཛེས་པ་ཞིག་བྱུང་སྟེ།
ཆར་གྱི་རྒྱུན་གཉའ་ཤིང་ཙམ་ཁྱིམ་ཁོ་ན་ལ་བབས་པས་མེ་ཞིའོ། ། དུག་སྦྲུལ་གྱི་འཇིགས་པ་ལས་བསྐྱབས་པ་ནི།
གྲོང་ཁྱེར་གྱི་སད་འཚོང་མ་ཞིག །དུས་ལན་གཅིག་མུ་ངག་གི་དོ་ཤལ་ལྔ་བརྒྱ་སྦྱིན་པའི་ཚོང་དཔོན་ཞིག་རྙེད་དེ།
ནམ་ཕྱེད་ཀྱི་དུས་ན་ཚོང་དཔོན་གྱི་ཁྱིམ་དུ་འགྲོ་བ་འདོད་པས།རང་གི་ཁྱིམ་ནས་སོང་སྟེ།ལམ་དུ་ཤིང ་ཤི་རི་ཤའི་ཡལ་
ག་ཞིག་ལ་འཇུས་པ་ན།ཤིང་ལ་འཁྲིལ་པའི་སྦྲུལ་གདུག་པས་ལུས་ལ་འཁྲིལ་ཤིང་ཟིན་པའི་ཚེ།རྗེ་བཙུན་མ་སྒྲོལ་མ་ད
ན་པར་བྱས་པ་ཙམ་གྱིས་དུག་སྦྲུལ་དེ ་ཉིད་མེ་ཏོག་གི་ཕྲེང་བར་གྱུར་ནས།ཞག་བདུན་གྱི་བར་དུ་ལུས་ལ་གནས་པར་
གྱུར་ཏོ། །དེ་ནས་སྦྲུལ་དེ་ཉིད་དཀར་པོ་དུག་དང་བྲལ་བར་གྱུར་ནས་ཆུ་བོར་ཞུགས་སོ་ཞེས་གྲགས་སོ། །
ཆོམ་རྐུན་གྱི་འཇིགས་པ་ལས་བསྐྱབས་པ་ནི།གུ་ན་ར་ཐའི་ཡུལ་གྱི་ནང་ཚན་བྷ་རཱི་ཀཙྪ་ཞེས་བྱ་བར།
ཚོང་དཔོན་ཤིན་ཏུ་ལོངས་སོད་ཆེ་བ་ཞིག་ཡོད་པ།མ་རཱིའི་ཡུལ་དུ་རྔ་མོང་སྟོང་ཙམ་དང༌།ཁྱུ་མཆོག་ལྔ་བརྒྱ་ཙམ་གྱིས་
ཁལ་བཀལ་ཏེ་སོང་བ་ལས། ལམ་ཁར་ཆོམ་རྐུན་སྟོང་ཙམ་གནས་པའི་འབྲོག་དགོན་པར་ཕྱིན་པས།
སྔོན་དུ་སོང་བའི་ཚོང་པ་ཐམས་ཅད་བསད་པའི་ཤ་ཁྲག་རཱིས་པས་ཕྱོགས་ཐམས་ཅད་ཁྱབ།
ཚོང་པ་བརྒྱ་སྟོང་ནི་གསལ་ཤིང་ལ་བཙུགས། ཆོམ་རྐུན་དེ་རྣམས་མིའི་ཤ་ཡང་ཟ་བ་སྲིན་པོ་ལྟ་བུར་ཡོད་པས།
ཚོང་དཔོན་དེ་ཤིན་ཏུ་འཇིགས་ནས། མགོན་སྐྱབས་གཞན་མེད་པས་སྒྲོལ་མ་ལ་གསོལ་བ་བཏབ་པ་ན།
སྒྲོལ་མའི་སྤྲུལ་པ་དཔའ་བོ་གོ་མཚོན་ཐོགས་པའི་དམག་དཔག་ཏུ་མེད་པ་བྱུང་སྟེ།
ཆོམ་རྐུན་དེ་རྣམས་རྒྱང་རིང་དུ་བསྐྲད་ཅིང་ཤི་བསད་ནི་མེད་དོ། །དེ་ལྟར་ཆོམ་རྐུན་རྣམས་བྱེར་བའི་ཤུལ་དུ་ཚོང་པ་དེ་
ཉིད་བདེ་བར་ཕྱིན་ནས་སར་ཡང་བྷ་རཱི་ཀཙྪར་སླེབ་བོ། བཙོན་ར་ལས་སྐྱབས་པ་ནི།
རྐུན་པོའི་དཔོན་ཞིག་གིས་རྒྱལ་པོའི་བང་མཛོད་ཀྱི་ཁྱིམ་ཕུག་སྟེ་སོང་བ་ན། ཆང་གི་བུམ་པ་ཞིག་རྙེད་དེ།
དེ་བཏུང་བས་དེ་ཉིད་དུ་མོས་ཤིང་གཉིད་དུ་སོང་བ། རྒྱལ་པོའི་མི་རྣམས་ཀྱིས་རིག་སྟེ་བཟུང་ནས།
བཙོན་དོང་དུ་བཅུག་ཞགས་པས་བཅིངས་སྡུག་བསྔལ་སྣ་ཚོགས་པ་མོང་བ་ན། གཞན་མགོན་སྐྱབས་མེད་དེ།
སྒྲོལ་མ་ལ་གསོལ་བ་བཏབ་པས་འདབ་ཆགས་ཁ་དོག་སྣ་ལྔ་པ་ཞིག་ནམ་མཁའ་ནས་བབས་ཏེ་བྱུང་ནས་ཞགས་པ་
རྣམས་བཀྲོལ་བཙོན་ཁང་གི་མ་ཡང་རང་བྱེ་བར་གྱུར་ཏེ། ཅི་བདེར་ཐར་ནས་རང་ཡུལ་དུ་ཕྱིན་པ་ན།
རྨི་ ལམ་དུ་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱུང་སྟེ།
གལ་ཏེ་ཁྱེད་ངའི་དྲིན་དན་ན་ཁྱེད་ཅག་འཁོར་དང་བཅས་པ་རྐུན་པོའི་ལས་སོངས་ཤིག །ཅེས་བྱུང་བས་རྐུན་པོ་དེ་ཉི
ད་འཁོར་ལྔ་བརྒྱ་དང་བཅས་ཆོམ་རྐུན་གྱི་ལས་སངས་ནས་དགེ་བ་རྒྱ་ཆེན་པོ་བྱེད་པ་བྱུང་ངོ༌། །
རྒྱ་མཚོ་རླབས་ཀྱི་འཇིགས་པ་ལས་བསྐྱབས་པ་ནི།
ལྷོ་ཕྱོགས་ཀྱི་ལམ་དུ་ཞུགས་པའི་ཚོང་པ་ལྔ་སྟོང་ཙམ་ཞིག་གྲུ་པོ་ཆེ་གསུམ་བཟུང་སྟེ་གཟིངས་ཆེན་པོར་ཞུགས་ནས།
རིན་པོ་ཆེའི་གླིང་དུ་ཕྱིན་ཏེ། གྲུ་གཅིག་ནི་རིན་པོ་ཆེས་ཁེངས་པར་བྱས་སོ། །ཡང་དེ་ནས་སོང་བ་ན།
ཙན་དན་ས་མཆོག་གི་གླིང་དང་འཕྲད་དེ།གྲུ་གཉིས་པ་ཙནྡན་ས་མཆོག་གིས་གང་བར་བྱས་སོ། །དེ་ནས་ཡུལ་དུ་འོང་
བར་འདོད་པ་ལ།རྒྱ་མཚོའི་ནོར་བདག་རྣམས་ཁྲོས་ཏེ་རླུང་ཆེན་པོ་བཏང་བས་ཐག་རིང་དུ་ཁྱེར་ཏེ།རྒྱ་མཚོ་ཁ་དོག་མི་
གཅིག་པ་མང་པོ་བརྒལ་བའི་མཐར་རྦ་ཀློང་དག་ཏུ་འཁྲུགས་པ་ཞིག་ཏུ་སླེབ། དེ ་གོང་དུ་ཚོང་པ་རྣམས་ཀྱིས།
ཚངས་པ།ཁྱབ་འཇུག།དབང་ཕྱུགཟླ་བ།ཉི་མ།ཀུ་བེ་ར་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་གསོལ་བ་འདེབས་ཀྱང་
མ་ཕན་ལ། དེར་གྲུའི་ཐག་པ་ཆད་དེ། རིན་པོ་ཆེའི་དང་ཙནྡན་གྱི་གྲུ་ཡང་སྟོར། གྲུ་བོ་ཆེ་ཡང་ནུབ་ལ་ཁད་པ་ན།
དེ་ན་སངས་རྒྱས་པའི་དགེ་བསྙེན་གཅིག་ཡོད་པས།
སྒྲོལ་མ་དན་པས་ཡི་གེ་བཅུ་པའི་སྔགས་སྐད་གསངས་མཐོན་པོས་བཟླས་པས།དེ་མ་ཐག་ཏུ་མཐུན་པའི་རླུང་བྱུང་སྟེ།
གྲུ་ཚུར་ལོག་ནས་ནུབ་གཅིག་ལ་འཛམ་བུ་གླིང་དུ་སླེབ་པ་ན།རིན་པོ་ཆེ་དང་ཙནྡན་གྱི་གྲུ་ཡང་རླུང་གིས་ཚུར་བདས་ཏེ
། མཉམ་དུ་འཛོམ་མོ། ། ཤ་ཟའི་འཇིགས་པ་ལས་བསྐྱབས་པ་ནི། ཤར་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ཏུ།
ཉན་ཐོས་སེནྡྷ་པ་ཁོ་ན་གནས་པ་ཞིག་ཡིན་པ་ལས།དེར་དུས་ལན་ཅིག་ནུབ་མོར་རིས་ཀྱི་གཙུག་ལག་ཁང་གི་ཕྱི་རོལ་
ས་ལ་འཆག་ཏུ་སོང་བའི་དགེ་སོང་རུ་རུ་ཤི་ནས། གཙུག་ལག་ཁང་དེ་ཉིད་ཀྱི་ཚོགས་པ་འགྲིབ་པར་གྱུར་པ་ལས།
ནུབ་ཅིག་དགེ་ཚུལ་ཞིག་འཆག་སར་སོང་བས་ཤ་ཟ་མདོག་ངན་ནག་ཅིང་མི་སྡུག་པ་མཆེ་བ་གཙིགས་པ་གཅིག་བྱུང་
ནས་མགོ་བོ་ནས་བཟུང་བ་ན།ཐེག་ཆེན་པ་རྣམས་ལ་སྒྲོལ་མ་ཞེས་བྱ་བ་འཇིགས་པ་བརྒྱད་ལས་སྐྱོབ་པ་ཅིག་ཡོད་ཅེ
ས་ཟེར་གྱི།དེ་ལ་སྐྱབས་སུ་འགྲོའོ་སྙམ་ནས།སྒྲོལ་མ་ཞེས་མཚན་ནས་བོས་སོ། །དེར་ལྷ་མོ་ནག་མོ་རལ་གྲི་ཐོགས་པ
་ཞིག་བྱུང་ནས་ཤ་ཟ་དེ་ལ་སྡིགས་པ་ན་ཤ་ཟ་དེས་དགེ་ཚུལ་ལ་བཟོད་པར་གསོལ་ཏེ།
ས་འོག་ནས་ལྕགས་ཀྱི་བུམ་པ་མུ་ངག་གིས་གང་བ་ཞིག་ཕྱུང་ནས་བྱིན་ནོ། །དེ་ཕྱིན་ཆད་གཙུག་ལག་ཁང་དེར་གནོད
་པ་དེ་རྒྱུན་ཆད་དོ།
དགྲའི་འཇིགས་པ་ལས་སྐྱབས་པ་ནི། ཨི་ཌི་བི་ཤར་རྒྱལ་རིགས་ཞིག་སྐྱེད་མོས་ཚལ་དུ་གཉིད་ཀྱིས་ལོག་པ་ན།
དགྲའི་དམག་ཚོགས་གོ་མཚོན་ཐོགས་པ་སྟོང་ཙམ་གྱིས་བསྐོར་བས།སྐྱབས་གཞན་མེད་དེ།སྒྲོལ་མ་ཞེས་བྱ་བ་འཇིག
ས་པ་བཅུ་དྲུག་ལས་སྐྱོབས་པ་ཞིག་ཡོད་ཅེས་ཐོས་ཏེ།དེ་ཁོ་ན་ལ་སྐྱབས་སུ་འགྲོའོ་བསམ་པས།སྒྲོལ་མའི་མཚན་ནས་
བོས་ཤིང༌།སྐད་ཕྱུང་བས་སྐད་ཅིག་དེ་ཉིད་ལ་རྗེ་བཙུན་མ་མདུན་གྱི་ནམ་མཁར་བྱོན་ཏེ།ཞབས་ཀྱི་འོག་ནས་རླུང་དག་
པོ་གཡོས་པས་དམག་རྣམས་ཕྱོགས་བཅུར ་ཁྱེར་ནས་རང་གི་ཡུལ་དུ་སླེབ་སྐད།
མཛེ་ནད་ཀྱི་འཇིགས་པ་ལས་བསྐྱབས་པ་ནི།ཡུལ་ཀུ་མ་རཀྵེ་ཏྲར་ལས་ཀྱི་དབང་གིས་བྲམ་ཟེའི་སོབ་དཔོན་ཞིག་ལ་
མཛེ་ནད་ཀྱིས་ཐེབས་ནས།དེར་ཕན་ཚུན་གཅིག་ལ་གཅིག་འགོས་ཏེ།བྲམ་ཟེ་ལྔ་བརྒྱ་མཛེ་ནད་དག་པོས་ཟིན་པར་གྱུ
ར།ཉེ་དུ་དང་སན་པ་རྣམས་ཀྱིས་ཀྱང་བོར་ཞིང༌།བྲམ་ཟེ་གཙང་སྦྲའི ་ཆོས་ལས་ཉམས་ཏེ་ལྷག་མས་འཚོ་ཞིང༌།སོང་མོར་
སོད་པ་ལས།ལམ་ཀར་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་རོ་སྐུ་གཅིག་མཐོང་བས་དད་པ་སྐྱེས་ཏེ།
བྲམ་ཟེ་ལྔ་བརྒྱ་པོ་རྣམས་ཀྱིས་གསོལ་བ་བཏབ་པས།སྒྲོལ་མའི་ཕྱག་ནས་རྩི་སན་གྱི་རྒྱུན་བྱུང་བ་ལ་ཁྲུས་བྱས་པ་ཙམ
་གྱིས་མཛེ་ནད་དེ་ཉིད་དུ་ཞི།ལྷའི་ལུས་ལྟར་མཆོག་ཏུ་མཛེས་པའི་ལུས་སུ་གྱུར་སྐད།དབང་པོའི་ཕོ་ཉ་བའི་འཚེ་བ་ལས
་བསྐྱབས་པ་ནི།དེ་ལ་དབང་པོ་ནི་ ཤར་ཕྱོགས་ཀྱི་ཕྱོགས་སྐྱོང་ཡིན་ལ།དེའི་ཕོ་ཉ་བ་ནི་དྲི་ཟའི་གདོན་ཡིན།
ཤིན་ཏུ་རྩུབ་ཅིང་རྒྱུག་བླ་པ་ཆོས་ལ་བར་དུ་གཅོད་པ་ཆེ་བ་ཞིག་ཡིན་ནོ།།དེ་ལས་བསྐྱབས་པའི་གཏམ་ནི།
ཡུལ་བཅོམ་བརླག་གི་ནགས་ཚལ་ཞིག་ན།ཉན་ཐོས་ཀྱི་དགེ་སོང་བསམ་གཏན་པ་ལྔ་བརྒྱ་ཡོད་དེ།
དེ་རྣམས་དགེ་བའི་ཆོས་ལ་བརྩོན་པར་གནས་པ་ལས།དུས་ནམ་ཞིག་ན་དབང་པོའི་ཕོ་ཉ་བ་བྱུང་སྟེ།ཁ་ཅིག་ནི་བྲམ་ཟེ
།ཁ་ཅིག་ནི་བུད་མེད།ཁ་ཅིག་ནི ་དགེ་སོང་གི་གཟུགས་བནན་ཅན་དང༌།རུས་འགའ་གནོད་སྦྱིན་གྱི་རྣམ་པ་དག་པོ་སེང
་གེ་དང་གླང་པོ་དང༌།ཤ་ར་བྷ་ལ་སོགས་པ་འཇིགས་སུ་རཱིང་བའི་གདོང་ཅན་མང་པོ་བྱུང་སྟེ༌།རུས་འགའ་ནི་སྡིགས་པ་
དང༌། རུས་འགའ་ནི་བསྟོད་པ་ལ་སོགས་པས་འབྲིད་པར་བྱེད་པ་ན། དགེ་སོང་ཁ་ཅིག་ནི་དན་མེད་དུ་སོང༌།
ཁ་གཅིག་ནི་སོ་ཁ་ཅིག་ནི་ཡིད་གཞན་དུ་འགྱུར ་ཏེ།གླུ་དང་གར་ཁོ་ནས་དུས་འདའ་བར་བྱས་སོ། །དེར་དགེ་སོང་ཞི
ག་གིས་འབྱུང་པོའི་བར་ཆད་ཀྱིས་གཙེས་པར་ཤེས་ནས།ལྷ་མོ་སྒྲོལ་མ་ཞེས་བྱ་བ་འཇིགས་པ་ཐམས་ཅད་ལས་སྐྱོབ་
པོ་ཞེས་གྲགས་པས།འདི་ལ་ཕན་པར་འགྱུར་རོ་སྙམ་སྟེ།ནགས་ཚལ་འདི་ནི་ལྷ་མོ་སྒྲོལ་མའི་ཡིན་ནོ་ཞེས་བྲིས་ནས་ཤི
ང་ལ་བཏགས་སོ།།དེ་ཙམ་གྱིས་འཇིགས་པ་དེ་ཉིད་རང་ཞི་བར་གྱུར་ཏེ།དེ་ཐམས་ཅད་ལྷ་མོ་སྒྲོལ་མ་ལ་མོས་པས་ཐེག་
པ་ཆེན་པོ་ལ་ཞུགས་སོ།།དབུལ་བའི་འཇིགས་པ་ལས་བསྐྱབས་པ་ནི།བྲམ་ཟེ་ཤིན་ཏུ་དབུལ་བ་ཞིག་ཉམས་ཐག་པས།
ལམ་སྲང་ཞིག་ན་སྒྲོལ་མའི་རོ་སྐུ་ཞིག་འདུག་པ་ལ། རང་གི་སྡུག་བསྔལ་བྱུང་ཚུལ་གྱི་གཏམ་རྣམས་ཞུ་པས།
མཆོད་རྟེན་ཞིག་དང་ཉེ་བའི་ས་ཕྱོགས་ཞིག་བསྟན་ཏེ། འདི་རྐོས་ལ་གཏེར་རྙེད་པར་འགྱུར་རོ་ཞེས་གསུང་ལ།
དེས་ཀྱང་བརྐོས་པས་གསེར ་གྱི་བུམ་པ་མུ་ངག་གིས་གང་བ་དང༌།དངུལ་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་
ལ་སོགས་པ་མང་དུ་རྙེད་ནས།བདུན་བརྒྱུད་ཀྱི་བར་དུ་དབུལ་བའི་སྡུག་བསྔལ་བསལ་སྐད།ཡང་ཞིང་པ་དབུལ་པོ་ཞི
ག་གིས།རྗེ་བཙུན་མ་སྒྲོལ་མའི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་པས། བུད་མེད་ཤིང་ལོའི་གོས་ཅན་བྱུང་ནས།
ཤར་ཕྱོགས་སུ་སོང་ཤིག་ཅེས་ལུང་བསྟན། དེས་ཀྱང་ཤར་ཕྱོགས་སུ་སོང་སྟེ། བྱེ་མའི་སྟེང་ཞིག་ཏུ་ཉལ་བ་ན།
དྲིལ་བུའི་སྒྲ་གྲགས་པས་གཉིད་སད།དེར་རྟ་ལྗང ་ཁུ་དྲིལ་བུའི་རྒྱན་ཅན་ཞིག་རྨིག་པས་བྱེ་མ་རྐོ་ཞིང་འདུག་གོ །དེ་ན
ས་རྟ་དེ་ཡུད་ཙམ་གྱིས་གཞན་དུ་ཞིག་ཏུ་སོང་བས།རྟའི་རྨིག་པའི་ཤུལ་དེས་བརྐོས་པས་དང་པོར ་དངུལ་གྱི་མ། །དེ་
ནས་གསེར་དང༌།ཤེལ་དང༌།བཻ་ཌཱུརྻ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་མ་རྣམས་བྱུང་བ་རིམ་པས་བྱེ་སྟེ་ས་འོག་གི་
ཡུལ་ཞིག་ཏུ་ཀླུ་ལྷ་དང་ལྷ་མ་ཡིན་མང་པོའི་གཙོ་བོར་གྱུར་ནས་འདོད་ཡོན་གྱི་དགའ་བ་དུ་མཉམས་སུ་མོང་སྟེ།
ལན་ཅིག་སའི་བུ་གའི་མ་ནས་རང་གི་ཡུལ་དུ་འོངས་པས།དེ་བར་དུ་རྒྱལ་པོ་རབས་གསུམ་འདས་འདུག་ཟེར་རོ། །
གཉེན་དང་བྲལ་བའི་འཇིགས་པ་ལས་བསྐྱབས་པ་ནི། བྲམ་ཟེ་ཞིག་གཉེན་མང་ཞིང་ནོར་ཆེ་བར་ཡོད་པ་ལས།
ནམ་ཞིག་ན་མི་ངས་ཆེན་པོ་བྱུང་བས་བུ་དང་ཆུང་མ་དང༌། སྤུན་ཟླ་སྐུད་པོ་ཞང་པོ་སོགས་ཐམས་ཅད་ཤི་སྟེ།
ཡིད་མ་ངན་གྱིས་ནོན་ནས་ཝཱ་རཱ་ཎ་སཱིར་འོངས་སོ། །དེ་ནས་སངས་རྒྱས་པའི་དགེ་བསྙེན་རྣམས་སྒྲོལ་མའི་དུས་སྟོན
་ཆེན་པོ་བྱེད་པའི་སར་ཕྱིན་པས་སྒྲོལ་མའི་ཆེ་བ་ཐོས་པས། མེ་ཏོག་ངམ་པ་གང་གཏོར་ཏེ་གསོལ་བ་བཏབ།
ཕྱིར་འོངས་པ་ན།རྒྱལ་བོ་ཛ་ཡ་ཙནྡྲའི་བུ་མོ་བག་མར་ཐོབ་སྟེ་སའི་དབང་ཕྱུག་ཏུ་གྱུར།དེས་སྒྲོལ་མའི་ལྷ་ཁང་བརྒྱ་རྩ་
བརྒྱད་བཞེངས་ཤིང༌། ཐམས་ཅད་དུ་སངས་རྒྱས་པའི་དུས་སྟོན་ཆེན་པོ་རུ་ཡང་བཙུགས་སོ། །
རྒྱལ་པོའི་ཆད་པའི་འཇིགས་པ་ལས་བསྐྱབས་པ་ནི།ཡུལ་ཨ་ཡོ་དྷྱ་ཅེས་པར་ཁྱིམ་བདག་དབང་ཐང་དང་ལོངས་སོད་
ཆེ་བ་ཞིག་ཡོད་པ།དུས་ལན་ཅིག་རྐྱེན་འགའ་ཞིག་གིས།ཡུལ་གྱི་རྒྱལ་པོ།དེས་ཁྱིམ་བདག་དེ་ལ་མི་དགའ་བར་གྱུར་ཏེ
།བསྙད་འཚོལ་བ་ལ་ཞུགས་པ་ན།དེས་ཀྱང་རྒྱལ་པོའི་མི་མང་པོ་བྲིད་ནས་ཁྲིད་དེ་ང་རཱ་ཧུ་ངར་སོང་ངོ༌། །དུས་གཞན་
ཞིག་ན།དེས་ཡུལ་ཙཾ་པཱརྞ་རཱི་ཕྱིན་པས། ཨ་ཡོ་དྷྱ་ཡི་རྒྱལ་པོས་གྱད་མི་བཞི་བཏང་སྟེ། ཁྱིམ་བདག་དེ ་བཅིངས་ནས།
ཨ་ཡོ་དྷྱ་རཱི་ཁྲིད་དོ།།དེས་རྗེ་བཙུན་མ་སྒྲོལ་མ་དན་བཞིན་དུ་གསོལ་བ་བཏབས་པས།
ལྷའི་བྱིན་རླབས་ཀྱི་ཁྱིམ་བདག་དེའི་རྐང་པ་མ་ཐེམ་ལ་བཞག་པས་གསེར་དུ་གྱུར་པ་དང༌།བཙོན་ཁང་དུ་བཅུག་པ་དེ
ར་མུ་ངག་གི་དོ་ཤལ་གྱི་ཆར་བབས་པ་དང༌།གསལ་ཤིང་ལ་བསྐྱོན་པར་གཟས་པ་ན།གསལ་ཤིང་དེ་ཨ་མྲའི་ཤིང་སོང་
མེ་ཏོག་དང་འབྲས་བུས་བརྒྱན་པར་སོང་བས།རྒྱལ་པོ་ལ་སོགས་པ་ཐམས་ཅད་ཡ་མཚན་སྐྱེས་ཏེ།འདི་ནི་ཆེས་བསོད་
ནམས་དང་ལྡན་པ་ཞིག་ན། ཆད་པས་བཅད་པར་ག་ལ་འོས་ཞེས་བྱས་ནས་རྒྱལ་པོའི་བློན་པོའི་ས་ལ་བཞག་གོ །
རོ་རྗེ་ལྷུང་བའི་འཇིགས་པ་ལས་བསྐྱབས་པ་ནི།
བྷཾ་ག་ལའི་ཡུལ་ན་དགེ་བསྙེན་ཞིག །ཞིང་ལས་ཀྱི་མཐའ་ལ་བལྟ་ཞིང་སོང་བ་ལས་ལམ་ཁ་ན་གནོད ་སྦྱིན་གྱི་ལྷ་རྟེན་
ཞིག་ཡོད་པ་ལ།དགེ་བསྙེན་གྱིས་འགོམས་ནས་ཕྱིན་པས་གནོད་སྦྱིན་དེ་ཁྲོས་པར་གྱུར་ནས།
ནུབ་མོ་དགེ་བསྙེན་དེ་རང་གི་ཁྱིམ་དུ་གནས་པ་ན།ནམ་མཁའ་ནས་གནམ་ལྕགས་འབར་བ་ཉི་ཤུ་རྩ་གཅིག་ལྷུང་སྟེ།
དེར་འཕགས་མ་སྒྲོལ་མ་དན་པ་ཙམ་གྱིས་གནམ་ལྕགས་ཀྱི་མེ་ལྕེ་ཐམས་ཅད་མེ་ཏོག་ཏུ་གྱུར།
དགེ་བསྙེན་རང་ཉིད།བུ་དང་ཆུང་མ།ནོར་རྫས་སོགས་གང་ལ་ཡང་གནོད་པ་མེད།གནམ་ལྕགས་རྣམས་ཀྱང་ཁྱིམ་དུ་
ལུས་ཏེ།དེ་ཐམས་ཅད་རིག་སྔགས་འཆང་བ་ལྔ་བརྒྱ་ཙམ་ལ་བྱིན་པས།
དེ་རྣམས་ཀྱི་གྲུབ་པའི་རྫས་ལ་ཉེ་བར་མཁོ་བར་བྱུང་སྐད། དོན་ཉམས་པའི་འཇིགས་པ་ལས་བསྐྱབས་པ་ནི།
ཁྱིམ་བདག་ཞིག་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང༌།རྒྱལ་པོ་ལས་ས་གཞི་བླང་བར་འདོད་དེ།རང་གི་ནོར་རྣམས་གྲོག
ས་ལ་བཅོལ། རང་ཉིད་རྒྱ་མཚོ་གྲུ་བོ་ཆེར་ཞུགས་སོ། །ལོ་མང་པོར་རྒྱ་མཚོའི་གླིང་རྣམས་སུ་ཕྱིན་པ་ལ།
ལོངས་སོད་ཀྱི་ཁྱད་པར་གང་ཡང་མ་འགྲུབ་ཅིང༌། ལན་ཅིག་སྟེས་དབང་གིས་གྲུ་རླུང་གིས་བདས་ཏེ།
མ་ལ་ཁ་ཞེས་བྱ་བའི་གླིང་དེར་སླེབ་བོ།།གླིང་དེ་ན་བྱུ་རཱི་དང༌།ཙན་དན་ས་མཆོག་ཅི་བདེར་བླང་དུ་ཡོད་པས་མང་དུ་བླ
ངས་གྲུ་གང་བར་བྱས་ནས་འོངས་སོ། །ལམ་དུ་མ་ག་ར་མཉྪི་ཞེས་བྱ་བའི་ཆུ་སྲིན་ཉའི་རིགས་ཅན་གྱི་སྣའི་ལྕགས་བ
སྣུན་པས་གྲུ་ཞིག །དེར་ཤིང་ལེབ་ལ་འཇུས་པས་རླབས་ཀྱིས་བདས་ཏེ་འཛམ་བུ་གླིང་དུ་སླེབ་བོ། །སར་རང་གི་གྲོག
ས་པོ་རྩད་བཅད་པ་ན།དེ་ཡང་ལམ་དུ་སོང་བ་སྟག་གིས་ཟས་ནས་ཤི་བར་ཤེས།དེར་དོན་གང་ཡང་མ་གྲུབ་པས་ངལ་
བས་སྡུག་བསྔལ་ཅིང་ཡིད་མེ་བདེ་བའི་ཚེ།གྲོགས་ཞིག་གིས་བསྐུལ་ནས་སྒྲོལ་མ་ལ་དད་པ་བསྐྱེད་དེ་གསོལ་བ་བཏབ
་པ་ལས།རྨི་ ལམ་དུ་ཁྱོད་ཆུ་བོ་སིནྡྷུའི་འགྲམ་དུ་སོང་ཞིག །འདོད་པའི་དོན་རྣམས་འགྲུབ་པར་འགྱུར་རོ། །ཞེས་བྱུང་
བས་དེ་བཞིན་དུ་བྱས་པས། ཆུ་བོ་སིནྡྷའི་ནང་ནས་སྔར་གྲུ་ནང་གི་ནོར་རྫས་རྒྱ་མཚོར་ནུབ་པ་ཐམས་ཅད་རྙེད།
དེ་ནས་གྲོགས་ཤི་བའི ་སར་ཕྱིན་ནས་ས་ཞིག་བསྐོས་པས་ལས།རང་གི་ནོར་རྫས་བཅོལ་བ་རྣམས་ཐོན།
དེ་ནས་རང་ཡུལ་དུ་ཕྱིན་ཏེ།ཙན་དན་ས་མཆོག་གི་སོང་དུ་མ་ཞིག་རྒྱལ་པོ་ལ་སྐྱེས་སུ་ཕུལ་བས།
རྒྱལ་པོས་ཀྱང་གྲོང་ཁྱེར་གྱི་མཆོག་ལྔ་བྱིན་ནོ། །


Monday, October 1, 2018

མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་པས་གྲོལ་བ།

ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་བཅད་ཀྱི་ཐུགས་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་རྟེན་མཆོད་
རྟེན་ཆེན་པོ་བྱ་རུང་ཁ་ཤོར་ཞེས་བྱ་བ་འདི་ཉིད་ཀྱི་ལོ་རྒྱུས་ནི། མེ་ཕོ་སྤྲེལ(སྤྱི་ལོ816)ཟླའི་ཚེས་བཅུའི་ཉིན། དཔལ་བསམ་
ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་བར་ཁང་དུ། ཆོས་རྒྱལ་ཁྲི་སོང་ལྡེ་བཙན་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་བླ་
མ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་དབང་བསྐུར་ཆེན་པོ་མཛད་པའི་དུས། ཟ་འོག་གི་འབོལ་དགུ་རྩེག་གི་སྟེང་དུ། ཨུ་རྒྱན་རིན་པོ་ཆེ་
བཞུགས་སུ་གསོལ། གསེར་སྐྱོགས་རྒུན་ཆང་གིས་བཀང་ནས་ཕག་ཏུ་ཕུལ། འཇིག་རྟེན་གྱི་ཞལ་ཟས་སྣ་ཚོགས་ཕུལ། རྗེའི་
མགུལ་གཡུ་གསལ་བ་འོད་སྒྲོན་གྱིས་ཐོག་དྲངས་པའི་གཡུ་ཉི་ཤུ་རྩ་གཅིག གསེར་ཕྱེ་བྲེ་ལྔ། གསེར་གྱི་པ་ཏྲ་བདུན། དར་
ཟབ་ཡུག་བརྒྱ། གཞན་ཡང་ལོངས་སོད་དཔག་ཏུ་མེད་པ་ཕུལ། རྒྱལ་པོ་ཁྲི་སོང་ལྡེ་བཙན་གྱིས་ཀྱང་ཕག་ལན་སོང་དུ་བཙལ་ཏེ་
ཞུས་པ། ཀྱེེ་སོབ་དཔོན་ཆེན་པོ་ལགས། བདག་ནི་མཐའ་འཁོབ་གདོང་དམར་བོད་ཀྱི་ཡུལ་དུ་སྐྱེས་ཀྱང་། ཟ་ཧོར་ཡུལ་གྱི་
མཁན་པོ་བོ་ངྷི་ས་ཏྭ་ཞི་བ་མཚོ་དང་།ཨུ་རྒྱན་ཡུལ་གྱི་མཁན་པོ་པདྨ་འབྱུང་གནས་ཉིད་འདྲ་བའི་སྤྲུལ་སྐུ་རྣམ་གཉིས་གདན་
དྲངས། བདག་གིས་གཡར་དམ་འགྲོ་བ་མི་རྣམས་བསོད་ནམས་གསོག་པའི་རྟེན། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་
བཞུགས་གནས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ། ལོ་ཕོགས་འཛམ་བུའི་གླིང་ན་འགྲན་
ཟླ་བྲལ་བ། འདི་ལྟ་བུ་ནི་མཐར་ཕྱིན་པར་གྲུབ། མཐའ་འཁོབ་བོད་ཀྱི་ཡུལ་མུན་པའི་གླིང་འདྲ་བ་འདིར། དཀོན་མཆོག་གི་
བསན་པ་ནི་གངས་ལ་ཉི་མ་ཤར་བ་ལྟར་དུ་དར་ཏེ་དབུས་འགྱུར་མ་ག་ང་དང་མཉམ། འགྲོ་བ་སེམས་ཅན་ཐམས་བཅད་ཉན་བཤད་
དམ་པའི་ཆོས་ལ་བྱེད་པའི་དུས་བཟང་བོ་འདི་ལྟ་བུ་འབྱུང་བ་ནི། སྔོན་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་བསན་པ་ལ། བལ་
ཡུལ་མ་གུ་ཏའི་ཡུལ་གྲུ་རུ།རང་རེ་མཆོད་ཡོན་མ་དབུལ་མོ་བྱ་རྫི་མའི་བུ་བཞི་རུ་སྐྱེས་པའི་དུས་སུ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་
བཞེངས་ཏེ། དེའི་དུས་སུ་སོན་ལམ་བཏབ་པའི་འབྲས་བུ་ཡིན་པར་གསུངས་ཏེ། མཆོད་རྟེན་ཆེན་པོ་འདི་ཇི་ལྟར་བརྩིགས་པ་
དང་། སོན་ལམ་བཏབ་ཚུལ་རྣམས་ཡིད་ཆེས་ཤིང་དང་བ་དད་མོས་པར་བསྐྱེད་ཕྱིར། བདག་ཅག་རྣམས་ལ་ཞིབ་པར་གསུང་དུ་
གསོལ། ཞེས་ཞུས་པས། མ་ཧཱ་གུ་རུས་བཀའ་སྩལ་པ། ཀྱེེ་རྒྱལ་པོ་ཆེན་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་
ཤིག མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ཞེས་བྱ་བ་འདི་ཉིད་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། སྔོན་བསྐལ་པ་དཔག་ཏུ་མེད་ཅིང་
བགྲང་ལས་འདས་པའི་སྔོན་རོལ་ན། དེ་བཞིན་བཤེགས་པ་འོད་དཔག་ཏུ་མེད་པའི་དྲུང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་འཕགས་པ་སན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་ཐམས་བཅད་འཁོར་བའི་འདམ་ལས་འདོན་པར་སོན་ལམ་བཏབ་
ནས། འགྲོ་བ་དཔག་ཏུ་མེད་པ་འཁོར་བ་རྒྱ་མཚོ་ལས་བསྒྲལ་ཏེ།ཕོ་བྲང་རི་བོ་པོ་ཏ་ལའི་རྩེར་བྱོན་ནས། ད་ནི་སེམས་ཅན་གཅིག་
ཀྱང་མེད་དོ་སྙམ་ནས་གཟིགས་པས་རིགས་དྲུག་གི་གནས་ན་སེམས་ཅན་ཆང་གར་མའི་སྦང་མ་ལྟ་བུ་ཉུང་དུ་མ་སོང་བར་འདུག་
པས། ད་ནི་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་མི་ནུས་སོ་སྙམ་ནས་སན་ཆབ་ཤོར་བ། ཕག་གི་སྲིན་ལག་གཉིས་ཀྱིས་
གཏོར་ནས། མ་འོངས་པའི་དུས་སུ་སན་ཆབ་གཉིས་ཀྱིས་ཀྱང་འགྲོ་བའི་དོན་བྱེད་པར་ཤོག་ཅིག་ཅེས་སོན་ལམ་བཏབ་པས། སུམ་
ཅུ་རྩ་སུམ་ལའི་ཡུལ་དུ། ལའི་དབང་པོ་བརྒྱ་བྱིན་གྱི་སས་མོ་གཉིས་འཁྲུངས་ཏེ། ལའི་བུ་མོ་གང་མ་དང་གང་ཆུང་མ་ཞེས་བྱ་བ་
གཉིས་སུ་གྱུར་པས། གང་ཆུང་མས་ལའི་མེ་ཏོག་བརྐུས་པས། ལའི་ཁྲིམས་རྣམ་པར་དག་པ་མནན་ནས་མིའི་གནས་སུ་ལྷུང་ བས། བལ་ཡུལ་མ་གུ་ཏའི་ཡུལ་གྲུ་རུ། ཕ་བྱ་རྫི་གསལ་བ་དང་། མ་བྱ་རྫི་མ་བུ་རྣ་ཞེས་བྱ་བའི་བུ་མོ། བྱ་རྫི་མ་བདེ་མཆོག་
མ་ཞེས་བྱ་བར་སྐྱེས་ཏེ་བྱ་འཚོ་བའི་ལས་བྱེད་དོ། དེའི་ཚེ་རིགས་ངན་བཞི་དང་བཤོས་པ་བུ་བཞི་སྐྱེས་ཏེ། དང་པོ་རྟ་རྫི་བཤོས་པའི་
བུ་གཅིག དེའི་འོག་ཕག་རྫིས་བཤོས་པའི་བུ་གཅིག དེ་འོག་ཁྱི་རྫིས་བཤོས་པའི་བུ་གཅིགདེ་འོག་བྱ་རྫིས་བཤོས་པའི་བུ་གཅིག་
སྟེ་བཞི་སྐྱེས་སོ། དེ་ནས་མས་བྱ་གསོས་པའི་གླ་བསགས་པས། བུ་བཞི་ཡང་ཁྱིམ་པ་རབ་ཐང་དུ་ཕོག སར་ཡང་གླའི་ལག་མ་
བསགས་པས་ནོར་མང་མོ་བསགས་ཏེ། བྱ་རྫི་མས་བསམ་བློ་གཅིག་བཏང་བས། ཡང་ངས་བྱ་བཙོས་པའི་གླ་བསགས་པས་བུ་བཞི་
ཡང་ཁྱིམ་པ་རབ་ཐང་དུ་ཕོག ད་གླའི་ལག་མ་བསགས་པ་ལ་ཡང་། ནོར་མང་པོ་རྙེད་པ་འདི་ཀུན་ལ་སྙིང་པོ་ལེན་པའི་ཕྱིར་དུ།
སངས་རྒྱས་ཐམས་བཅད་ཀྱི་ཐུགས་ཀྱི་རྟེན་ང་རང་གི་ཡི་དམ། འགྲོ་བ་དཔག་ཏུ་མེད་པའི་བསོད་ནམས་གསོག་པའི་ཞིང་། དེ་
བཞིན་བཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས་པར་བྱེད་པ་ལ། ཐོག་མར་ཡུལ་གྱི་རྒྱལ་པོ་ཆེན་
པོ་ལས་བླང་བའི ་ཞུ་བ་འབུལ་བར་བྱའོ་སྙམ་ནས། རྒྱལ་པོ་ཆེན་པོའི་དྲུང་དུ་ཕྱིན་ནས། ཕག་འཚལ་བསྐོར་བ་བྱས། པུས་
བཙུགས། ཐལ་མོ་སྦྱར་ཏེ་གསོལ་བ། ཀྱེེ་རྒྱལ་པོ་ཆེན་པོ་ལགས། བདག་དབུལ་མོ་བྱ་རྫི་མ་མི་གཅིག་གིས་བྱ་བཙོས་པའི་གླ་
བསགས་པས། ཕ་མི་གཅིག་པའི་བུ་བཞི་ཡོད་པ་ཡང་ཁྱིམ་པ་རབ་ཐང་དུ་ཕོག གླའི་ལག་མ་བསགས་པས་ཀྱང་ནོར་མང་པོ་རྙེད་
པ་རྣམས་བདག་རང་གི་ཡི་དམ། འགྲོ་བ་དཔག་ཏུ་མེད་པའི་བསོད་ནམས་གསོག་པའི་ཞིང་། སངས་རྒྱས་ཐམས་བཅད་ཀྱི་ཐུགས་
ཀྱི་རྟེན། དེ་བཞིན་གཤེགས་པའི་རིང་བསེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས་སུ་གསོལ་བས། གནང་པར་ཞུ་
འཚལ། དེ་སྐད ་ཅེས་གསོལ་བ་དང་། རྒྱལ་པོ་ཆེན་པོ་རྣམས་མ་བརྟགས་པར་བཀའ་མི་སྩོལ་བས། རེ་ཞིག་ཐུགས་མཉམ་པར་
བཞག་ནས་གཟིགས་པས། མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་བྱ་བཙོས་པའི་གླ་བསགས་པས་ཕ་མི་གཅིག་པའི་བུ་བཞི་ཡང་
ཁྱིམ་པ་རབ་ཐང་དུ་ཕོག གླའི་ལག་མ་བསགས་པས་ཀྱང་མཆོད་རྟེན་ཆེན་པོ་བཞེངས་པ་ངོ་མཚར་ཆེ་དགོངས་པ་ཐུགས་ལ་ཤར་
ཏེ། དེ་ལྟར་བྱ་རུ་རུང་ཞེས་བཀའ་སྩལ་གནང་བས། བྱ་རྫི་མ་དགའ་ཞིང་ཡིད་རབ་ཏུ་རངས་པར་གྱུར་ནས། སར་ཡང་རྒྱལ་པོ་
ཆེན་པོ་ཉིད་ལ་ཕག་འཚལ་ཞིང་བསྐོར་བ་ལན་མང་དུ་བྱས་ནས། རང་གི་ཁྱིམ་དུ་ལོག་ཏེ། མོ་རང་མ་བུ་ལྔ་དང་བྲན་གཅིག་
རྣམས་ཀྱིས་གླང་བོ་ཆེ་གཅིག་དང་བོང་བུ་གཅིག་ཡོད་པ་ལ་ས་སྦག་བཀལ་ཞིང་སྐྱས་ཏེ། དེ་ནས་མཆོད་རྟེན་ཆེན་པོའི་རྨང་གཏིང་སྟེ་
བརྩིགས་པས། ཁྲི་འབངས་གསུམ་དུ་སླེབས་པའི་ཚེ། བལ་ཡུལ་གྱི་མི་ཐམས་བཅད་ཁ་འཆམས་ཏེ། མོ་དབུལ་མོ་བྱ་རྫི་མ་མི་
གཅིག་གིས་འདི་ཙམ་གྱི་མཆོད་རྟེན་བཞེངས་ན། རྒྱལ་པོ་དང་། བློན་པོ། ཕྱུག་པོ་ཆེན་པོ། མི་དྲག་པ་ཀུན་གྱིས་ཇི་ལྟ་བུའི་
མཆོད་རྟེན་བཞེངས། འདི་ཀུན་ལ་བརྙེས་པ་ཡིན་ཡང་གནོད་པར་འགྱུར་བས། མི་ཐམས་ཅད་གྲོས་བྱས་ཏེ་རྒྱལ་པོ་ཆེན་པོ་ལ་
ཞུས་ཏེ་རྩིག་ཏུ་མ་བཅུག་པར་འཐད་དོ་ཟེར། བལ་ཡུལ་གྱི་མི་ཐམས་ཅད་ཚོགས་ཏེ་རྒྱལ་པོ་ཆེན་པོ་ཞུས་པ། ཀྱེེ་རྒྱལ་པོ་ཆེན་པོ་
ལགས། ཁྱེད་ལ་ཐུགས་ནོར་བ་ཆེན་པོ་གཅིག་གདའ། མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་མཆོད་རྟེན་འདི་ལྟ་བུ་བཞེངས་
ན། ཁྱེད་རྒྱལ་པོ་དང་། བློན་པོ། ཕྱུག་པོ་ལ་སོགས་པ་དྲག་པ་ཀུན་གྱིས་དགེ་རྩ་ལ་ཇི་ལྟ་བུའི་མཆོད་རྟེན་བཞེངས། འདི ་
རྩིག་ཏུ་བཅུག་ན་རང་རེ་ཀུན་ལ་གནོད་པས། ས་རོ་རྣམས་རང་གནས་སུ་བསྐྱལ་ཏེ་རྩིག་ཏུ་མ་བཅུག་པ་འཐད་དོ་ཞུས་པས། རྒྱལ་
པོ་ཆེན་པོས་བཀའ་སྩལ་བ། ཁྱེད་རྣམས་ཐམས་བཅད་ལེགས་པར་ཉོན་ཅིག མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་བྱ་འཚོ་
བའི་གླ་བསགས་པས་ཀྱང་ཕ་མི་གཅིག་པའི་བུ་བཞི་ནི་ཁྱིམ་པ་རབ་ཐང་དུ་ཕོག སར་ཡང་གླའི་ལག་མ་བསགས་པ་ལའང་མཆོད་ རྟེན་ཆེན་པོ་འདི་ལྟ་བུ་བཞེངས་པ་ངོ་མཚར་རེ་ཆེ་བསམ་ནས། ངས་ནི་བྱ་རུ་རུང་ཟེར་བ་ཁ་ནས་ཤོར་རོ། ང་རྒྱལ་པོས་སྨྲས་པ་
ལན་གཅིག་ཡིན་ནོ་གསུངས་པས། གཞན་མི་རྣམས་ཀྱིས་བཀག་ཀྱང་མི་ཁོགས་པར་བརྩིགས་པས། ལོ་བཞི་ལ་བུམ་པ་མན་
བརྩིགས་གྲུབ་པས། དེའི་དུས་སུ་བྱ་རྫི་མ་བདེ་མཆོག་མ་དེ་ཉིད་ཚེའི་དུས་བྱེད་པར་ཤེས་ཏེ། བུ་བཞི་གཡོག་དང་ལྔ་ལ་སྨྲས་
པ། ཁྱེད་རྣམས་ཀྱིས་ངའི་ཡི་དམ། འགྲོ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་གསོག་པའི་ཞིང་མཆོག་ཏུ་
གྱུར་པའི་མཆོད་རྟེན་ཆེན་པོའི་ཞབས་སུ་ཆུག་ལ། འདིའི་ནང་དུ་དེ ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་སུ་གསོལ་ཏེ། རབ་
ཏུ་གནས་པ་རྒྱ་ཆེན་པོ་གྱིས་ཤིག དེས་ནི་ངའི་བསམ་པ་རོགས་ཤིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་
ཡང་ཡོངས་སུ་རོགས་པ་དང་། ཁྱེད་རྣམས་ཀྱི་ཡང་འདི་ཕྱིའི་དོན་རྒྱ་ཆེན་པོ་གྲུབ་པར་འགྱུར་རོ། ཞེས་སྨྲས་ཏེ་ཚེའི་དུས་བྱས་
སོ། དེའི་ཚེ་སྒྲ་དང་རོལ་མོ་དང་ལའི་མེ་ཏོག་གི་ཆར་ཆེན་པོ་འབབ་པ་དང་། འཇའ་འོད་ཀྱི་ཚོགས་དང་བཅས་ཏེ་མཆོད་རྟེན་ཆེན་
པོ་འདི་ཉིད་བཞེངས་པའི་ཕན་ཡོན་གྱིས། མ་བྱ་རྫི་མ་བདེ་མཆོག་མ་འདི་ཉིད་དམ་ཚིག་ལ་མོ་པྲ་མོ་ཞེས་བྱ་བར་སངས་རྒྱས་སོ།། དེ་
ནས་བུ་རྣམས་གྲོས་བྱས་ཏེ་རང་རེའི་མ་རྒན་མོ་འདི་ཉིད་དབུལ་མོ་བྱ་རྫི་མར་སྐྱེས་ཀྱང་། ངེད་རང་ཕ་མི་གཅིག་པའི་བུ་བཞི་ནི་ཁྱིམ་པ་
རབ་ཐང་དུ་ཕོག ནོར་གྱི་ལག་མས་ཀྱང་འཛམ་བུའི་གླིང་དུ་དཀོན་པའི་མཆོད་རྟེན་ཆེན་མོ་ངོ་མཚར་མཆོག་ཏུ་གྱུར་པ་འདི་ལྟ་བུ་
བཞེངས་ན། ད་ངེད་རང་བུ་རྣམས་ཀྱིས་མའི་དགེ་རྩ་དྲིན་ལན་གསོ་བའི་ཕྱིར་དུ། མའི་མཆོད་རྟེན་ལ་བུམ་པ་གདགས་དགོས་
ཟེར་ཏེ། གྲོས་མཚམས་ནས་བུ་རྣམས་ཀྱིས་སྔར་ལྟར་གླང་པོ་ཆེ་དང་བོང་བུ་ལ་ས་སྦག་བཀལ། བྲན་གཅིག་པོ་ལ་གྲོགས་བཅོལ་
ཏེ་ལོ་གསུམ་བརྩིགས་པས། ཀུན་དྲིལ་ལོ་བདུན་ལ་ཞབས་སུ་ཆུག་སྟེ། དེ་བཞིན་བཤེགས་པ་འོད ་སྲུང་ཀྱི་རིང་བསྲེལ་གྱི་ག་ངའི་
བྲེ་གང་སོག་ཤིང་གི་ནང་དུ་བཞུགས་སུ་གསོལ་ཏེ། དེ་ནས་མཆོད་པའི་ཚོགས་དཔག་ཏུ་མེད་པ་བཤམས་ནས་རབ་ཏུ་གནས་པའི་མེ་
ཏོག་འཐོར་བའི་ཚེ། མདུན་གྱི་ནམ་མཁའི་ཁམས་ཐམས་ཅད་དུ། དེ་བཞིན་བཤེགས་པ་འོད་སྲུང་འཁོར་དང་བཅས་པ་
དང་། གཞན་ཡང་ཕོགས་ཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགྲ་བཅོམ་པའི་འཁོར་དཔག་ཏུ་མེད་པས་བསྐོར་
བ་དང་། གཞན་ཡང་བདེ་བཞིན་བཤེགས་པ་རིགས་ལྔ། རིགས་གསུམ་མགོན་པོ་ཞི་ཁྲོའི་ལ་ཚོགས་དཔག་ཏུ་མེད་པ་ཏིལ་གྱི་
གང་བུ་ཁ་ཕྱེ་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་བྱོན་ནས། མེ་ཏོག་འཐོར་ཞིང་བཀྲ་ཤིས་པ་རྒྱ་ཆེན་པོ་བརྗོད་པར་
མཛད། ལའི་རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོགས་པ་དང་། ལའི་མེ་ཏོག་གི་ཆར་ཆེན་པོ་འབབ་པ། ལའི་སོས་དྲི་ཞིམ་པོས་ས་
ཕོགས་ཐམས་ཅད་དུ་ཁྱབ་པ། ས་ཆེན་པོ་འདི་ཡང་ལན་གསུམ་གྱི་བར་དུ་གཡོས་པ། དེ་བཞིན་བཤེགས་པའི་ཚོགས་ཀྱི་སྐུ་ལ་ཡེ་
ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕོས་པས། ཉིན་ནུབ་ཀྱི་སྣང་བ་མེད་པ་ཞག་ལྔའི་བར་དུ་བསན་ནོ།།(མཆོད་རྟེན་ཆེན་པོ་བྱ་རུང་ཁ་
ཤོར་གྱི་ལོ་རྒྱུས་ལས། ཇི་ལྟར་བཞེངས་པ་དང་རབ་གནས་མཛད་པའི་ལེའུ་སྟེ་དང་པོ།)
ཡང་རྒྱལ་པོ་ཁྲི་སོང་ལྡེ་བཙན་གྱིས་གསོལ་བ། ཀྱེེ་སོབ་དཔོན་ཆེན་པོ་ལགས། དེ་ལྟ་བུའི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ཞེས་
བྱ་བ་ངོ་མཚན་དཔག་ཏུ་མེད་པ་འདི་ཉིད་ཀྱི་དྲུང་དུ། སོན་ལམ་ཇི་ལྟར་བཏབ་པ་དང་དེ་ཉིད་འདི་ལྟར་གྲུབ་པའི་ལོ་རྒྱུས་རྣམས་ཞིབ་
པར་གསུངས་དུ་གསོལ་ཞེས་གསོལ་བས། མ་ཧཱ་གུ་རུས་བཀའ་སྩལ་པ། ཉོན་ཅིག་རྒྱལ་པོ་ཆེན་པོ། མཆོད་རྟེན་ཆེན་པོ་
འདི་ལ་རབ་ཏུ་གནས་པའི་མེ་ཏོག་གཏོར་བའི་དུས་སུ། ངོ་མཚར་བའི་ལྟས་ཡ་མཚན་ཆེ་བ་དེ་ལྟར་བསན་པའི་དུས་དེར། སངས་
རྒྱས་དང་བྱང་ཆུབ་སེམས་དཔའ། ལའི་ཚོགས་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ཀྱི་ཞལ་ནས། མགྲིན་གཅིག་ཏུ། དབྱངས་ གཅིག་ཏུ། ཀྱེེ་སྐལ་བ་མཆོག་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག ཁྱེད་རྣམས་ཀྱིས་ལག་པའི་བསམ་པ་རྣམ་པར་དག་
པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་རྟེན་མཆོག་ཏུ་གྱུར་པའི་མཆོད་རྟེན་ཆེན་པོ་འདི་ལྟ་བུ་
བཞེངས་པའི་ཕན་ཡོན་གྱིས། རང་རང་གི་སོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པར་འགྱུར་བས་ཐོབ་ཅིག་ཅེས་བཀའ་སྩལ་བྱུང་
བས། དེར་བུ་རྣམས་ཀྱིས་གྲོས་བྱས་པས། ཡང་རང་རེའི་མ་རྒན་མོ་དེ་ཉིད་ཀྱིས་སེམས་བསྐྱེད་རྒྱ་ཆེན་པོ་བྱས་ཏེ། མཆོད་རྟྟེེན་
འདི་ལྟ་བུའི་རྨང་བཏིང་ཞིང་བརྩིགས། དེ་ནས་ཚེའི་དུས་བྱས་པས། ངེད་རང་བུ་རྣམས་མའི་དགེ་རྩ་ལ་མཆོད་རྟེན་ལ་བུམ་པ་
བཏགས་ཅིང་རབ་ཏུ་གནས་པ་བྱས་པའི་ཕན་ཡོན་གྱིས། ཕོགས་ཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཞལ་
མངོན་སུམ་དུ་བསན་ནས། སོན་ལམ་ཅི་བཏབ་པ་འགྲུབ་པས་ཐོབ་ཅིག་ཅེས་གནང་བ་ཐོབ་པའི་དུས་འདིར། ངེད་རང་རྣམས་སོན་
ལམ་རྒྱ་མ་ཆུང་བ་རེ་འདེབས་དགོས་སོ་ཟེར་ཏེ། བུ་ཆེ་ཤོས་རྟ་རྫིའི་བུའི་བསམ་པ་ལ། སོན་ལམ་གཅིག་འདེབས་པར་བྱེད་པ་ལ་
རྒྱ་གང་ཆེ་བསམ་པས། ད་ལྟར་བྱང་གི་ཕོགས་ཀྱི་རྒྱལ་ཁམས་འདི་ན། འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཞེས་བྱ་བ། རི་
ཐམས་ཅད་གངས་སུ་ཡོད་པ། མཐིལ་ཐམས་ཅད་ཆུ་རུ་ཡོད་པ། དབྱར་ཆུ་བྱ་མང་པོ་གནས་པ། དགུན་འཁྱག་པའི་ཐང་ཅིག་དུ་
གནས་པ་ཞིག་ཡོད་པ་དེ། མ་འོངས་པ་ན་ཆུ་ཐམས་ཅད་བསྐམས་ཏེ། དེ་བཞིན་བཤེགས་པ་ཤཱཀྱ་ཐུབ་པའི་བསན་པ་ལ་བྱང་
ཆུབ་སེམས་དཔའ་སན་རས་གཟིགས་དབང་ཕྱུག་གི་འདུལ་བའི་ཞིང་དུ་གྱུར་ནས། དེར་སངས་རྒྱས་ཀྱི་བསན་པ་རྒྱ་ཆེན་པོ་འབྱང་
བར་འགྱུར་རོ་ཞེས་བྱ་བའི་ལུང་བསན་འདུག་པས། ཞིང་དེར་སངས་རྒྱས་ཀྱི་བསན་པ་འབྱུང་བ་འདི་ཉིད་ངས་འཛུགས་པར་སོན་
ལམ་གདབ་དགོས་བསམ་ནས། སོན་ལམ་བཏབ་པ་ནི། བདག་གི་ལག་བསམ་རྣམ་པར་དག་པས་མའི་མཆོད་རྟེན་ལ་བུམ་པ་
བཏགས་པའི་ཕན་ཡོན་གྱིས། བདག་གིས་མ་འོངས་སྙིགས་མ་བར་བདོའི་དུས། དེ་བཞིན་བཤེགས་པ་ཤཱཀྱ་ཐུབ་པའི་བསན་པ་ལ་
འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཞིག་ཏུ་སྐྱེས་ནས་སངས་རྒྱས་ཀྱི་བསན་པ་རིན་པོ་ཆེ་འཛུགས་
པར་ཤོག་ཅིག་ཅེས་བརྗོད་དོ། ། དེ་འོག་ཕག་རྫིའི་བུའི་སོན་ལམ་ནི། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་
གྱིས། ཕུ་བོ་ཁྱེད་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས། སངས་རྒྱས་ཀྱི་བསན་པ་རིན་པོ་ཆེ་འཛུགས་པའི་དུས་སུ། འཁྱག་པ་
འཁྱག་ཡུལ་གྱི་མཐའ་འཁོབ་དེ་རུ། བསན་པའི་གཞི་མ་དགེ་འདུན་གྱི་སྡེ་འཛུགས་དགོས་པས། བདག་ནི་དགེ་སོང་རྣམ་པར་དག་
པ་གཅིག་ཏུ་སྐྱེས་ནས། དགེ་འདུན་ཐམས་ཅད་རབ་ཏུ་བྱུང་བར་བྱེད་པའི་མཁན་པོ་ཆེན་པོ་གཅིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་བརྗོད་
དོ།། དེ་འོག་ཁྱི་རྫིའི་བུའི་སོན་ལམ་ནི། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས། ཕུ་བོ་ཁྱེད་གཉིས་འཁྱག་པ་
འཁྱག་ཡུལ་གྱི་མཐའ་འཁོབ་ཏུ། གཅིག་གིས་ནི་སངས་རྒྱས་ཀྱི་བསན་པ་འཛུགས། གཅིག་གིས་སངས་རྒྱས་ཀྱི་བསན་པ་འཛིན་
པའི་དུས་སུ། བདག་མངལ་ལས་མ་སྐྱེས་པ། མེ་ཏོག་པདྨའི་སོང་པོ་ལ་རྫུས་ཏེ་སྐྱེས་པ། སྐྱེ་ཤི་རྒྱུན་བཅད་དེ་ཚེ་ཉི་ཟླ་དང་
མཉམ་པ། ནུས་པས་ལ་འདྲེ་མི་གསུམ་འདུལ་བ་གཅིག་ཏུ་སྐྱེས་ནས་མཐའ་འཁོབ་འདི་ཉིད་ཀྱི་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་
འདུལ་བ་དང་། ཁྱེད་གཉིས་ཀྱི་བསམ་པ་འགྲུབ་ཅིང་སངས་རྒྱས་ཀྱི་བསན་པ་མཐའ་དག་སྲུང་བའི་སྔགས་འཆང་ནུས་པ་ཅན་ཞིག་ཏུ་
སྐྱེ་བར་ཤོག་ཅིག་ཅེས་སོན་ལམ་བཏབ་བོ། ། དེ་འོག་བྱ་རྫིའི་བུའི་སོན་ལམ་ནི། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་
ཡོན་གྱིས། ཕུ་བོ་ཁྱེད་གསུམ་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ། གཅིག་གིས་སངས་རྒྱས་ཀྱི་བསན་པ་
འཛུགས། གཅིག་གིས་འཛིན། གཅིག་གིས་སྲུང་བའི་དུས་སུ།ཁྱེད་རྣམས་འཁྲུངས་ཡུལ་གཅིག་ཏུ་འོང་བའི་ངེས་པ་མེད་ པས། བདག་ནི་ཁྱེད་རྣམས་མཇལ་འཕད་བྱེད་པའི་འཕྲིན་བློན་གཅིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་སོན་ལམ་བཏབ་བོ།།
དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མགྲིན་གཅིག་དང་དབྱངས་གཅིག་ཏུ། ཀྱེེ་རིགས་
ཀྱི་བུ་སྐལ་བ་མཆོག་དང་ལྡན་པ་ཁྱེད་རྣམས་ཀྱིས་སོན་ལམ་རྒྱ་ཆེན་པོ་བཏབ་པ་ནི་ལེགས་སོ་ལེགས་སོ།། སངས་རྒྱས་ཐམས་ཅད་
ཀྱིས་ཀྱང་རྗེས་སུ་ཡི་རང་ངོ་།། འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་
བགྲང་བར་མི་ནུས་སོ་ཞེས་བཀའ་སྩལ་ཏེ། ཕོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འོད་དང་འོད་
ཟེར་གྱི་གོང་བུ་གཅིག་ཏུ་གྱུར་པ། མཆོད་རྟེན་ཆེན་པོ་འདི་ཉིད་ལ་ཐིམ་པས། མཆོད་རྟེན་གྱི་མཚན་ཡང་སངས་རྒྱས་ཐམས་ཅད་
འདུས་པའི་པའི་མཆོད་རྟེན་དུ་གྲགས་སོ།། དེའི་ཚེ་རྟ་རྫིའི་བུའི་རྩེ་ཆུང་(འཇིང་པའི་དོན)ལ་སྦྲང་བུ་ཏྲེ་མ་གཅིག་གིས་འཇིབས་པས་མ་
བཟོད་དེ། ལག་པས་ཤད་ཤད་བྱས་པས་སྦྲང་བུ་ཤི་བའི་རོ་གཅིག་བྱུང་བས། སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ནས་སོན་ལམ་བཏབ་
པ་ནི། བདག་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་པའི་དུས་སུ། སྦྲང་བུ་འདི་ཉིད་སས་སུ་སྐྱེས་ཏེ་
ཆོས་ལ་སོད་པར་ཤོག་ཅིག་ཅེས་སོན་ལམ་བཏབ་བོ།། བོང་བུ་དེའི་བསམ་པ་ལ་ང་ལ་ཡང་སོན་ལམ་གཅིག་འདེབས་ཏེ་འོང་བསམ་པ་
ལ། སོན་ལམ་ཅི་ཡང་འདེབས་པ་མ་བྱུང་བས། ཁོ་ཁྲོས་ནས་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ། ཁོ་ཆོས་སྐྱོང་བའི་
རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསན་པ་འཛུགས་པའི་དུས་སུ། དེའི་ཚེ་ཆོས་ལ་མི་དགའ་བའི་བཀའི་བློན་པོ་གཅིག་ཏུ་སྐྱེས་
ནས་རྒྱལ་པོ་ཁོ་ལ་ཅི་ཡང་བྱ་དབང་མེད་པ་གཅིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་བྱས་སོ།། དེ་སྐད་བརྗོད་པ་གཡོག་པོས་ཐོས་པས་ཁོ་དེ་
ལྟ་བུའི་བདུད་བློན་ལ་སྐྱེས་ནས་ཆོས་ལ་བར་ཆད་བྱེད་པའི་དུས་སུ། དེ་ཉིད་ཀྱི་གཡོ་ཐབས་དང་ནུས་པ་ཐམས་ཅད་ཟློག་ཅིང་འཇོམས་
པར་བྱེད་པའི་ཆོས་བློན་ཐབས་ལ་མཁས་པ་གཅིག་ཏུ་བདག་སྐྱེ་བར་ཤོག་ཅིག་ཅེས་སོན་ལམ་བཏབ་བོ།། ཡང་གླང་པོ་ཆེ་དེའི་
བསམ་པ་ལའང་། ང་ལ་ཡང་སོན་ལམ་གཅིག་འདེབས་ཏེ་འོང་བསམ་པ་ལ། སོན་ལམ་ཅི་ཡང་འདེབས་པ་མ་བྱུང་བས། ཁོ་
ཁྲོས་ནས་ངས་ས་རོ་འདི་ཙམ་སྐྱེལ་པས་སོན་ལམ་ཅི་ཡང་མི་འདེབས་ན། ཁོང་རྣམས་ཀྱིས་བཙུགས་པའི་བསན་པ་དེ་རྒྱལ་པོ་དེའི་
བུའམ་ཚ་བོར་སྐྱེས་ཏེ་ངས་བསྣུབ་པར་ཤོག་ཅིག་ཅེས་བྱས་སོ།། དེ་སྐད་བརྗོད་པ་བྱ་རོག་གཅིག་གིས་ཚོར་བས་ལག་པའི་བསམ་པ་
སྐྱེས་ཏེ། ཁོ་དེ་ལྟ་བུའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསན་པ་བསྣུབས་པའི་དུས་སུ། བདག་བྱང་ཆུབ་སེམས་དཔའ་ཆེན་པོ་
ཞིག་ཏུ་སྐྱེས་ནས་བདུད་ཀྱི་རྒྱལ་པོ་འདི་ཉིད་གསོད་པར་ཤོག་ཅིག་ཅེས་སོན་ལམ་བཏབ་པའོ།། དེའི་ཚེ་བྲམ་ཟེའི་ཁྱིའུ་ཚངས་སོད་
ཅན་ཤ་སེར་སོང་བ་གཉིས་ཀྱིས་ཡང་སོན་ལམ་བཏབ་པ་ནི། ཁྱེད་རྣམས་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ། སངས་རྒྱས་
ཀྱི་བསན་པ་རིན་པོ་ཆེ་འཛུགས་པའི་དུས་སུ། བདག་གཉིས་ནི་དམ་པའི་ཆོས་རྣམས་མ་ལུས་པ་སྒྱུར་བར་བྱེད་པའི་ལོ་ཙཱ་བ་རེ་རེར་སྐྱེ་
བར་ཤོག་ཅིག་ཅེས་སོན་ལམ་བཏབ་བོ།། ཡང་དེའི་ཚེ་རྒྱལ་རིགས་ཀྱི་བུ་མོ་ཤེས་རབ་ཅན་གཉིས་ཀྱིས་ཀྱང་སོན་ལམ་བཏབ་
སྟེ། འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ། ཁྱེད་རྣམས་སངས་རྒྱས་ཀྱི་བསན་པ་རིན་པོ་ཆེ་འཛུགས་པའི་དུས་སུ། དམ་
པའི་ཆོས་རྣམས་ཡི་གེར་འབྲི་བའི་ཡིག་རིགས་ཐམས་བཅད་ལ་མཁས་པའི་མཆོག་ཏུ་གྱུར་བ་རེ་རེར་སྐྱེས་ནས། བཀའ་དང་བསན་
བཅོས་མ་ལུས་པ་ཡི་གེར་འབྲི་བར་ཤོག་ཅེས་སོན་ལམ་བཏབ་བོ།། གཞན་ཡང་དེའི་ཚེ་བསན་པ་དང་སེམས་ཅན་ལ་ཕན་པའི་སོན་
ལམ་བཏབ་པ་ནི་དཔག་ཏུ་མེད་ཅིང་གྲངས་ལས་འདས་སོ། །
དེ་ལྟར་བཏབ་པའི་སོན་ལམ་རྣམས་མ་ལུས་པར་འགྲུབ་པ་ནི། དེའི་ཚེ་དེའི་དུས་ཀྱི་བུ་ཆེ་བ་རྟ་རྫིའི་བུས་རྒྱལ་པོར་སྐྱེ་བར་སོན་ལམ་ བཏབ་པ་ནི། ད་ལྟའི་ཆོས་སྐྱོང་རྒྱལ་པོ་ཁྲི་སོང་ལྡེ་བཙན་ལགས་སོ།། དེའི་ཚེ་དེའི་དུས་ཀྱི་ཕག་རྫིའི་བུས་མཁན་པོར་སྐྱེ་བའི་སོན་
ལམ་བཏབ་པ་ནི། ད་ལྟའི་མཁན་པོ་བོ་ངྷི་ས་ཏྭ་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ཀྱི་ཁྱི་རྫིའི་བུས་སྔགས་འཆང་དུ་སྐྱེ་བའི་སོན་
ལམ་བཏབ་པ་ནི། ད་ལྟའི་ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ང་ལགས་སོ།། དེའི་ཚེ་དེའི་དུས་ཀྱི་བྱ་རྫིའི་བུས་འཕྲིན་བློན་དུ་སྐྱེ་
བའི་སོན་ལམ་བཏབ་པ་ནི། ད་ལྟའི་ཡར་ཀླུང་སྦ་ཁྲི་གཞེར་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ཀྱི་སྦྲང་བུ་ཏྲེ་མས་སས་སུ་སྐྱེ་བའི་
སོན་ལམ་བཏབ་པ་ནི། ད་ལྟའི་རྒྱལ་པོའི་སས་མོ་ལ་ལྕམ་པདྨ་གསལ་ཚེའི་དུས་བྱས་པ་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ཀྱི་བོང་
བུས་སོན་ལམ་ལོག་སྟེ་བདུད་བློན་དུ་སྐྱེ་བར་སོན་ལམ་བཏབ་པ་ནི། ད་ལྟའི་བདུད་བློན་མ་ཞང་ཁྲོམ་པ་སྐྱེས་ཞེས་བྱ་བ་འདི་ཡིན་
ནོ།། གཡོག་གིས་བདུད་བློན་འཇོམ་པའི་ཆོས་བློན་དུ་སྐྱེ་བར་སོན་ལམ་བཏབ་པ་ནི། ད་ལྟའི་ཆོས་བློན་འགོས་པདྨ་གུང་བཙན་
འདི་ཡིན་ནོ།། དེའི་ཚེ་དེའི་དུས་ཀྱི་གླང་པོ་ཆེས་སོན་ལམ་ལོག་སྟེ་བདུད་ཀྱི་རྒྱལ་པོར་སྐྱེ་ནས་བསན ་པ་བསྣུབ་པར་སོན་ལམ་བཏབ་
པ་ནི། རྒྱལ་པོ་ཁྲོད་ནས་གདུང་རབས་གསུམ་གྱི་དུས་སུ། བདུད་ཀྱི་རྒྱལ་པོ་གླང་གི་མིང་ཅན་གཅིག་འབྱུང་སྟེ། དེས་ནི་སངས་
རྒྱས་ཀྱི་བསན་པ་བསྣུབ་པར་བྱེད་དོ།། དེའི་ཚེ་དེའི་དུས་ཀྱི་བྱ་རོག་གིས་སེམས་བསྐྱེད་ནས་བདུད་ཀྱི་རྒྱལ་པོ་དེ་ཉིད་གསོད་པར་སོན་
ལམ་བཏབ་པ་ནི། ད་ལྟའི་ལ་སས་མུ་རུག་བཙན་པོ་འདི་ཡིན་ནོ།། མ་འོངས་པའི་དུས་སུ་བདུད་རྒྱལ་གླང་གི་མིང་ཅན་བྱུང་ནས་
སངས་རྒྱས་ཀྱི་བསན་པ་བསྣུབ་པའི་ཚེ། བྱང་ཆུབ་སེམས་དཔའ་ལ་ལུང་དཔལ་གྱི་རོ་རྗེ་ཞེས་བྱ་བར་སྐྱེས་ནས། བདུད་ཀྱི་རྒྱལ་
པོ་འདི་ཉིད་གསོད་པར་འགྱུར་རོ།། དེའི་ཚེ་དེའི ་དུས་ཀྱི་བྲམ་ཟེའི་ཁྱེའུ་གཉིས་ཀྱི་ལོ་ཙཱ་བར་སྐྱེ་བའི་སོན་ལམ་བཏབ་པ་ནི། ད་ལྟའི་
སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ཀྱི་རྒྱལ་རིགས་བུ་མོ་གཉིས་ཀྱིས་དམ་ཆོས་འབྲི་
བའི་ཡི་གེ་པར་སོན་ལམ་བཏབ་པ་ནི། ད་ལྟའི་ལྡན་མ་རྩེ་མངས་དང་ལེགས་བྱེད ་ཉི་མ་འདི་ཡིན་ནོ།། ཞེས་བཀའ་སྩལ་
པས། ཆོས་རྒྱལ་ཁྲི་སོང་ལྡེ་བཙན་དང་དེར་འདུས་པ་ཐམས་ཅད་ངོ་མཚར་ཞིང་ཡིད་ཆེས་ཏེ། ཕག་དབུ་ལ་ཕོད་བུད་བུད་དུ་
བཙལ། མཆི་མ་ལྷུག་པར་བཏོན་ནས་སར་ཡང་དེར་འདུས་པ་ཐམས་ཅད་ཀྱིས་བསན་པ་དང་སེམས་ཅན་ལ་ཕན་པའི་སོན་ལམ་
སོབས་པོ་ཆེ་མང་པོ་བཏབ་བོ།། (མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་
ཅད་ཀྱིས་ལུང་བསན་ནས་སོན་ལམ་བཏབ་ཅིང་གྲུབ་པའི་ལེའུ་གཉིས་པ།)

མཚོ་སྔོན་པོའི་ཟིན་བྲིས་པ་གསེར་ཁུང་བ་རོ་རྗེ་རིག་འཛིན་གྱིས་འོས་སྦྱོར་བྱས།

Wednesday, June 6, 2018

གྱོན་ཆས་ཀྱི་གོ་དོན་བརྡ་བཤད།

ཀ། གོ་ལུ་མ་གསུམ་དང་ ཡང་ན་གསུམ་ཚན་གསུམ་ཡོད་མི་འདི་ འཇིག་རྟེན་ཡང་དག་པའི་ལྟ་བ་ དཀོན་མཆོག་གསུམ་བླ་མར་བརྩིས་ཤིང་ ལས་རྒྱུ་འབྲས་ཡོད་པར་བལྟ་བ་ ལམ་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལུ་དད་མོས་ཡོད་པ་ འབྲས་བུ་གནས་སྐབས་དང་མཐར་ཐུག་ཕན་བདེའི་བརྡ་དོན་ཨིན།
ཁ། དེ་ལུ་ཟུར་ཚིག་དྲུག་ཡོད་མི་འདི་ མི་བོ་གདུང་དྲུག་གི་བུ་བརྒྱུད་དར་ཞིང་རྒྱས་པའི་རྟགས།
གོ་ལུ་ལགཔ་གཉིས་ཡོད་མི་འདི་ ཆོས་སྲིད་ཀྱི་བྱ་བ་ག་ར་ ཐབས་དང་ཤེས་རབ་ཟུང་འཇུག་གི་སྒོ་ནས་སྒྲུབ་པའི་བརྡ།
ང་། མ་གསུམ་དང་ཟུར་དྲུག་པོ་ག་ར་གོ་གི་ གོང་གཅིག་གི་འོག་ལུ་སྡུད་མི་འདི་རྒྱལ་ཁབ་ཀྱི་ དབུ་འཁྲིད་ལུ་ཆོས་སྲིད་གཉིས་ཀའི་གོང་མར་བསྟེན་ཏེ་ནམ་རྒྱུན་སྤྱི་བོར་བསྟེན་པའི་བརྡ།
ཅ། ཕྱི་ཤབས་དང་ནང་ཤབས་གཉིས་འབད་དེ་ཡོད་མི་འདི་ ཕྱི་དགྲ་ཐབས་ཀྱིས་བཏུལ་ཞིང་ ནང་གཉེན་བྱངས་པས་སྐྱོང་བའི་བརྡ།
ཆ། མཐའ་འཇགས་གཅིག་གིས་ བསྐོར་འཁོར་མི་འདི་ མཐུན་ལམ་དམ་ཚིག་གཅིག་སྒྲིལ་གྱིས་ཁྱབ་པའི་དོན་དང་།
ཇ། སྒྲོག་ཐག་གཉིས་ཀྱིས་ བསྡམས་མི་འདི་ཐ་དམ་ཚིག་དར་གྱི་ མདུད་པ་བཞིན་དུ་དམ་པོར་གནས་པའི་དོན།
ཉ། གོ་གྱོན་མ་ད་ སྟོད་གོས་ཀྱི་གོང་ཕྱི་ཁར་སློག་མི་འདི་ ཕོའི་རིགས་དཔའ་རྩལ་ཕྱི་ཁར་ངོམས་པའི་བརྡ་རྟགས།
ཏ། སྟོད་གོས་ཀྱི་ལག་མགོ་ཕྱི་ཁར་སློག་མི་འདི་ ཁ་ཞེ་གཉིས་མེད་ ནང་གི་ལྷག་བསམ་དཀར་པོ་ཕྱིར་ངོམས་པའི་བརྡ་དང་གོ་སའི་དབྱེ་བའི་བརྡ་དོན་ཡང་མཚོནམ་ཨིན།
ཐ། གོ་གྱོནམ་ད་ རྒྱབ་ཀྱི་སྨད་ཕྱོགས་གཡས་གཡོན་གྱི་ བལྟབ་གཉིས་སུ་ངེས་པ་ནི་ ཆོས་འཇིག་རྟེན་གྱི་བྱ་བ་རླབས་ཆེན་གཤོག་རྩལ་གྱིས་ ཆོད་པའི་བརྡ།
ད། གོ་གི་རིང་ཐུང་ པུས་མོ་ཚུན་བཀལ་མི་གི་མཐོ་དམའི་རིམ་པ་འདི་ ཕོ་མོའི་ངོ་རྟགས་ཀྱི་ དབྱེ་བ་དང་གོ་སའི་རིམ་པར་ངེས་པ་མ་ཚད་ བྱ་དཀའ་བའི་ལས་རིགས་ ཕལ་ཆེར་ཕོ་རྒྱ་གིས་འབད་བའི་སྐབས་ སྟབས་བདེ་ཁྱད་ཀྱི་དོན་ལུ་དང་།
ན། གཟུགས་ཀྱི་མདུན་ལོགས་ གོ་གི་མདུན་ཚིག་ཕྱི་ནང་གཉིས་སུ་བརྩེག་དགོས་པ་ནི་ གཟུགས་ཀྱི་རྒྱབ་ཕྱོགས་ལས་ ཉེན་ཁ་ཆེ་བའི་ཉེན་སྲུང་དང་གྲང་ བའི་གནོད་པ་སྐྱོབ་པའི་ཕན་ཐབས་ལུ་ཨིན།
པ། སྐེ་རགས་ཀྱིས་དམ་པོར་བཅིང་མི་འདི་རྒྱལ་ཁབ་ནང་ རང་རིགས་ཀྱི་ལར་རྒྱ་གཅིག་ཏུ་བསམ་པའི་དམ་ཚིག་གཅིག་སྒྲིལ་གྱི་བརྡ་སྟོནམ་ཨིན།
རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན (༡༩༩༩)   སྒྲིགས་ལམ་རྣམ་གཞག་གི་དེབ་ཐེར་ནོར་བུའི་འཕྲེང་བ། འབྲག་རྒྱལ་ཡོངས་དཔེ་མཛོད་།


Saturday, June 2, 2018

Terminologies

Gross National Happiness terminologies
GNH Values and Principles _རྒྱལ༌ཡོངས༌དགའ༌སྐྱིད༌དཔལ༌འཛོམས༌ཀྱི༌སྙིང་བཅུད་དང་གཞི་རྩ།
Accountability/Responsibilityའགན་འཁྲི་དང་འགན་ཁུར།
Altruism- བྱང་སེམས།
Generosity_སྦྱིན་སེམས། གཏོང་སེམས།
Awareness/Consciousness_གོ་རྟོགས་ཡངན་ཤེས་པ་དང་རིག་ཚོར་བ།
Community Vitality/Civic Sense_མི་སྡེ་སྟོབས་ཤུགས།ཡང་ན་སྤྱི་སེམས།
Compassion/Empathy_སྙིང་རྗེ་དང་གཞན་གྱི་ཚོར་བ་ཤེས་པའི་ནུས།
Contentment/Peace_ཡིད་ཚིམས་/བག་ཆགས་འཇོམས་པ་ཡང་ན་ཞི་བདེ།
Cultural Preservation_ལམ་སྲོལ་ཉམས་སྲུང་།
Discipline_ཚུལ་ཁྲིམས་ཡང་ན་ཚུལ་མཐུན།
Environmental harmony/Preservation_རང་བཞིན་གནས་སྟངས་དང་མཐུན་པ་ཡང་ན་རང་བཞིན་གནས་སྟངས་ཉམས་སྲུང་།
Equanimity_བཏང་སྙོམས།
Freedom of Expression-བསམ་བརྗོད་ལུ་དལ་དབང་།
Transparency_དྭངས་གསལ།
Honest/Respect_དྲང་པོ་དང་གུས་ཞབས།
Humility_ཉམ་ཆུང་།
Interdependence/Interconnectedness_རྟེན་འབྲེལ།
Justice_དྲང་ཁྲིམས། དྲང་བདེན།
Loving Kindness- བྱམས་པ།
Mindfulness_དྲན་ཤེས།
Physical and Psychological wellbeing_ཕྱི་གཟུགས་དང་ནང་སེམས་ཀྱི་བདེ་བ།
Sustainability_ ཡུན་བརྟན།
Time balance_ དུས་ཚོད་སྙོམ་པ།
Good governance_གཞུང་སྐྱོང་ལེགས་ལྡན།
Socio-economic development_ མི་སྡེ་དཔལ་འབྱོར་གོང་འཕེལ།
Preservation and promotion of culture_ ལམ་སྲོལ་མི་ཉམས་གོང་འཕེལ།
Preservation and promotion of environment_ རང་བཞིན་གནས་སྟངས་མི་ཉམས་གོང་འཕེལ།

Terminology related to Science and technology
སྐྱེ་ལྡན་རིག་པ་་་་་Biology
རྫས་སྦྱོར་རིག་པ་་་་Chemistry
དངོས་ཁམས་རིག་པ་་་་་Physics
ས་ཆ་རིག་པ་་་་་Geography
མི་རྒྱུད་རིག་པ་་་་་Anthropology
ས་ཡོམས་རིག་པ་་་་Seismology
སྲོག་ཆགས་རིག་པ་་་་Zoology
ནད་བརྟག་རིག་པ་་་་་་Pathology
རྒྱ་མཚོའི་རིག་པ་་་་་Oceanology
ལྡུམ་རའི་རིག་པ་་་་་Horticulture
སེམས་ཁམས་རིག་པ་་་་Psychology
ཅ་རྙིང་རིག་པ་་་་་Archeology
ས་གཏེར་རིག་པ་་་་་Mineralogy
གནམ་གཤིས་རིག་པ་་་་Metrology
རྡོ་པར་རིག་པ་་་་Lithography
ཆུ་དཔྱད་རིག་པ་་་་Hydrology
སྲིད་དོན་རིག་པ་་་་Geopolitics
ལྕགས་བཟོ་རིག་པ་་་་Metallurgy
མོ་ནད་རིག་པ་་་་་Gynecology
སྒྲ་རིག་པ་་་་་་Phonology
ཁྲག་བརྟག་རིག་པ་་་་Hematology
ནད་ཡམས་བརྟག་དཔྱད་རིག་པ་་Epidemiology
པགས་ཀོའི་རིག་པ་་་་་Dermatology
Legal Terminology
Abolish-རྩ་མེད་གཏང་ནི།
Abortion-མངལ་ཤོར།
Abuse-ལོག་སྤྱོད།
Abusive language-ཚིག་རྩུབ།
Accountability- འགན་འཁྲི།
Accumulate-བསགས་པ། གསོག་འཇོག
Accuracy-ངེས་བདེན།
Accusation-ཉེས་འཛུགས།
Accused-ཉེས་འཛུགས་ཅན།
Acknowledge-ངོས་ལེན།
Acquirable- བསྒྲུབ་པར་འོས་པ།
Acquittal- ཉེས་མེད། ཉེས་གྲོལ།
Act- བཅའ་ཁྲིམས།
Act- བྱ་སྤྱོད། བྱ་བ།
Action- དང་ལེན། བསྟར་སྤྱོད།
Activity of development- རྒྱས་པའི་ཕྲིན་ལས།
Addict- ལང་ཤོར། ངན་གོམས།
Adjourn- མཚམས་འཇོག
Adjure- ཞུ་བ་ཕུལ་བ།
Adjustment-བདེ་སྒྲིགས།
Advance-སྔོན་བྱིན།
Adulteress- ལོག་གཡེམ་འབད་མི་མོ།
Adulterer- ལོག་གཡེམ་འབད་མི་ཕོ།
Adultery- ལོག་གཡེམ།
Advocate- ཁྲིམས་རྩོད་པ།
Agency- ལས་སྡེ།
Agenda- གྲོས་གཞི།
Agent- ལས་ཚབ།
Aggravating- ཉེན་འཚབས།
Agronomy- ཞིང་ལས་རི་པ།
Alimony- གཉེན་འབྲེལ་ཐོབ་ཤོར།
Alleviate- ཐར་ཐབས། དཀའ་ཚེགས་སེལ་ཐབས།
Allocate- བགོ་སྐལ་སྤྲོད་ནི།
Allowances- ཟུར་འཐུས།
Amendment- འཕྲི་སྣོན།
Antidote- གཉེན་པོ།
Apolitical- སྲིད་དོན་འབྲེལ་མེད།
Appeal- མཐོ་གཏུགས།
Applicable-སྦྱོར་འཇུག་རུང་བ།
Apprehension- འཛིན་བཟུང་།
Article- རྩ་ཚན།
Artificial behavior- ཚུལ་འཆོས།
Battery case-་འཐབ་འཛིང་གི་རྩོད་གཞི།
Befitting- བཟང་སྤྱོད་ལྡན་པ། འོས་འབབ་ལྡན་པ།
Benefactor- ཡོན་བདག
Bill- དཔྱད་ཡིག
Bodies- འདུས་ཚོགས།
Burglary-ཆོམ་རྐུན། ཨར་རྐུན།
Capital punishment- སྲོག་ཐོག་ཉེས་ཁྲིམས།
Caring society- བྱམས་བརྩེའི་མི་སྡེ།
Cause and effect-རྒྱུ་འབྲས།
Cause of karmic effects-རྣམ་སྨིན་གྱི་རྒྱུ།
Ceiling-མཐོ་ཚད།
Chapter-ལེའུ།
Check-and-balance-དགག་བཤེར་དང་ཚད་མཉམ།
Child marriage-ཆུང་གཉེན།
Civil case-ཞི་རྩོད།
Civil society-ཞི་བའི་མི་སྡེ།
Claim of right-ཐོབ་དབང་གི་ཐོབ་བརྗོད།
Clause-སྡེ་ཚན།
Code of conduct-ཀུན་སྤྱོད་རྣམ་གཞག
Combat-འཇོམས་འཐབས།
Commencement-འགོ་བཙུགས།
compensatory damages-གྱོང་རྒུད་ཀྱི་འཐུས།
constitutional bodies-རྩ་ཁྲིམས་ཅན་གྱི་འདུས་ཚོགས།
Criminal case- ཉེས་རྩོད།
monarchical system-རྒྱལ་བརྒྱུད་རྒྱལ་ཁབ།
constitutional monarchy-རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད།
constitutional posts- རྩ་ཁྲིམས་ཅན་གྱི་གོ་གནས།
controlled substance- ཚད་འཛིན་གྱི་རྒྱུ་རྫས།
corrupt intention- ངན་ལྷད་ཀྱི་བསམ་སྦྱོར།
courtesy- བརྩི་བཀུར།
decentralization- ཕྱིར་སྤེལ།
degree of crime- ཉེས་ལས་ཆེ་ཆུང་།
delay- བསྣར་ལུས། ཡུན་འགྱངས།
demigod-ལྷ་མ་ཡིན།
deputation- ངོ་ཚབ་ལས་གཡོག
direct lineal descend-དངོས་བརྒྱུད་གདུང་འཛིན།
ecclesiastical law-ཆོས་ཁྲིམས།
embezzlement- ལྐོག་ཟ།
eligibility criteria- ཁྱད་ཚད།
entitlement- ཐོབ་ལམ།
eternalism- རྟག་ལྟ། རྟག་མཐའ།

Friday, June 1, 2018

ཤཱཀྱ་ཐུབ་པ་ཞེས་པའི་རྒྱུ་མཚན།

ངོ་སྤྲོད།
༉ལྷོ་ཕྱོགས་ཙན་དན་བཀོད་པའི་ལྗོང་འདི་ནང་དུ་སངས་རྒྱས་ཀྱི་བསྟན་པ་སྔོན་ནས་དརཡོད་པ་མ་ཟད་སངས་རྒྱས་གཉིས་པ་ཨྱོན་གུ་རུ་རིན་པོ་ཆེ་འབྱོན་ཏེ་ས་དང་རྡོ་རི་དང་བྲག་རྣམས་གཏེར་ཁ་མང་པོ་སྦས་གནང་ཏེ་ཡོད་པ་ཡིན། དེའི་བརྗེ་སུ་རྗེས་མཁྱེན་དང་བླ་ཆེན་མང་པོ་གི་བསམ་བློ་རྒྱ་ཆེ་ས་གཏོང་གནང་ནས་རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེད་པ་སངས་རྒྱས་ཀྱི་བསྟན་པའི་གཞི་རྩ་ལེགས་པར་གཙུགས་གནང་ཡོད་པ་མ་ཟད་མ་འོངས་འབྲུག་རྒྱལ་ཁབ་ཀྱི་སངས་རྒྱས་བསྟན་པ་ལུ་ཕྱག་ཕྱི་ཞུ་ནིའི་ཕྱིར་ན་གཞོན་བུ་དང་བུ་མོ་རྣམས་ཕྱི་ནང་གཉིས་ཀྱི་ཤེས་ཡོན་སྦྱང་བཙུན་བྱེད་ནིའི་གོ་སྐབས་བཟང་པོ་གནང་ཡོད་མི་འདི་ནང་ནས་དེ་རིང་བུ་ཆུང་རང་གི་བསྟན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་མང་པོ་ཞུ་ཡོད་པའི་ནང་ནས་ཤཱཀྱ་ཐུབ་པ་ཞེས་པའི་དོན་དང་རྒྱུ་མཚན་རྣམས་དམ་པའི་གསུང་རབ་དང་དཔེ་ཆ་མི་འདྲ་བ་གསུམ་ལ་རྒྱབ་རྟེན་བྱེད་ཐོག་ལོ་རྒྱུད་བཤད་རྒྱུ་ཡིན།།

ཤཱཀྱ་ཐུབ་པ་ཞེས་པའི་རྒྱུ་མཚན།
དང་པོ་ རྫོང་ཁའི་མངོན་བརྗོད་ཤོགས་གྲངས་༼༣༦-༣༧༽ ལྟར་ ཤཱཀྱ་ཐུབ་པ་ཞེས་པ་ནི་སྔོན་རྒྱ་གར་དུ་རྒྱལ་པོ་ཞིག་ལ་བཙུན་མོ་མང་པོ་ཡོད་པ་དེ་ལ་སྲས་སྲས་མོ་ཡང་མང་པོ་འཁྲུངས་སོ།ལན་གཅིག་སྲས་སྲས་མོ་རྣམས་འཚར་ལོངས་ཟིན་པའི་བསྒང་རྒྱལ་བརྒྱུད་འཛིན་པའི་སྐོར་ནས་མ་འགྲིགས་པར་མཇུག་ཏུ་རྒྱལ་པོས་སྲས་སྲས་མོ་རྣམས་རྒྱང་འབུད་གཏོང་བ་ལ་བརྟེན་ནས་སྲས་སྲས་མོ་རྣམས་འགྲོང་འཁྱེར་ནས་ཐོན་སོང་ཏེ་ས་གནས་ཐག་རིང་ས་ཞིག་ལ་གཞིས་ཆགས་བཞུགས་ཡོད་པ་ཡིན།ས་གནས་དེའི་ནང་དུ་འགྲོ་བ་མི་གཞན་སུ་ཡང་མེད་པ་ཡིན་པས་ན་སྤུན་ཆ་ནང་རོལ་དུ་གཉེན་སྒྲིག་མཛད་དེ་མི་རིགས་མང་པོ་མཆེད་པ་མ་ཟད་ མཐའ་མཇུག་ལ་གྲོང་གསེབ་ཆུང་ངུ་ཞིག་ཆགས་ཡིན་པས་ན་དེའི་རིགས་རྒྱུད་ཀྱི་ཐ་སྙད་ཡང་ཤཱཀྱ་ཞེས་འབྱུང་ངོ།ཤཱཀྱ་ནི་རིགས་རྒྱུད་ཀྱི་མིང་དང་ཐུབ་པ་ནི་རིགས་རྒྱུད་དེ་ལས་འཁྲུངས་པས་ན་ཤཱཀྱ་ཐུབ་པ་ཞེས་མཚན་བཏགས་པ་ཡིན་ནོ།།

གཉིས་པ་སྟོན་པའི་མཛད་པ་མདོར་བསྡུས་ཀུན་ཕན་ལམ་བཟང་ཤོགས་གྲངས་༼༡༤-༡༥༽ནང་ནས་སྔོན་རྒྱ་གར་དུ་ཤཱ་ཀྱའི་གྲོང་འཁྱེར་སེར་སྐྱ་ལ་ཡབ་རྒྱལ་པོ་ཟས་གཙང་དང་ཡུམ་སྒྱུ་མ་ལྷ་ཟས་གཉིས་ནས་སྲས་ཀུན་དགའ་དོན་གྲུབ་ཞེས་པ་ཞིག་འཁྲུངས་ཡོད་པ་ཡིན།སྲས་འཁྲུངས་ཏེ་ཞག་བདུན་སོང་པ་ན་ཡུམ་སྒྱུ་མ་ལྷ་ཟས་ཚེས་ལས་འདས་པ་ཡིན་པས། དེའི་རྗེས་སུ་སྐྱེ་རྒུའི་བདག་མོ་ཞེས་མི་ཞིག་གིས་ཡུམ་གྱི་བརྗེ་ཚབ་མཛད་དེ་རྒྱལ་སྲས་མཆོག་དོ་སྣང་དང་ཤ་ཚ་སྙིང་ཉེ་བྱེད་དེ་འཚར་ལོངས་ཟིན་ཡིན་པས།དེ་ལས་ཤཱ་ཀྱའི་གྲོང་ཁྱེར་དེ་ནང་ལ་ཤཱཀྱའི་རིགས་ཀྱི་མི་རྒྱལ་སྲས་མཆོག་འབྱོན་པའི་སྐབས་འགྲོང་ཁྱེར་དེ་ནང་ཀྱི་མི་གདུག་པ་ཅན་རྣམས་ཁུ་སིམ་སིམ་གནས་སྡོད་བྱེད་དོ་ཡིན་པས།རྒྱུ་མཚན་དེར་བརྟེན་ནས་སྲས་ཀྱི་མཚན་ཡང་ ཤཱཀྱ་ཐུགས་པ་ཞེས་བཏགས་པ་ཡིན།།

གསུམ་པ་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་རྩ་འབྲེལ་ཤོགས་གྲངས་༼༤༽ནང་ནས་ཤཱཀྱ་ཞེས་པ་ནི་སྟོབས་ཤུགས་སམ་ནུས་ཤུགས་ཆེ་བའི་དོན་དང་ཐུབ་པ་ནི་འགྲོ་བ་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འབྲེལ་བའི་དོན་དུ་འགྲོ་དོན་དང་ལས་ཀ་མང་པོ་མཛད་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་ལ་བརྟེན་ནས་ཐུབ་པ་ཞེས་པ་ཡིན་ནོ།། དེ་མ་ཟད་ལྷས་བྱིན་དང་འདྲེ་བཙན་གདུག་པ་ཅན་སོགས་འགྲན་ཡ་ཀུན་ལས་རྒྱལ་བས་ན་ཐུབ་པ་ཞེས་པ་ཡིན་ནོ།།

རྒྱབ་རྟེན།
ཀུན་བཟང་ཕྲིན་ལས (༡༩༩༩) སྟོན་པའི་མཛད་མདོར་བསྡུས་ཀུན་ཕན་ལམ་བཟང། ཐིམ་ཕུ། ཀེ་ཨེམ་ཀྲི་ལས་སྡེ།
རྡོ་རྗེ་རྒྱལ་མཚན (༢༠༠༩) རྫོང་ཁའི་མངོན་བརྗོད། ཐིམ་ཕུ། འབྲུག་གནས་ལུགས་སྒེར་སྡེ་ཚད་འཛིན།
འཇིགས་མེད་བསྟན་འཛིན (༢༠༠༥) མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་རྩ་འབྲེལ། ཕུན་ཚོགས་གླིང་། ཀེ་ཨེམ་ཀྲི་ལས་སྡེ།

ཀརྨ་དངོས་གྲུབ །
སྐད་ཡིག་དང་རྩོམ་རིག

A Venomous love

The street looked like an unfinished painting. So much of the canvas was still perfectly white as if waiting for the artists hand to return. The morning light struggled through the murky clouds, but even in its weakness it was enough to blind. The air was of course cold.

The street was in peaceful somber until the days activities began. But you could hear the sound of the creaking bed and shadow befall on the walls lit by dim lights. You could also hear soft murmurs. Aum Wangmo is up early as usual and began her  days work much early than others. No sooner did she wake up she would also wake up her lazy sons only to doze off after few minutes of waking them.

The churning of the butter tea echoed through the cold tiled floor. It would no sooner wake up the neighbours to let them also join in chorus. Aum Wangmo is a fair skinned chubby stout lady who runs a hotel in the middle of Chamkhar town. In her youth she was a pearl that many men tried to woe her but her heart only fell for one man. She bore four children from that man whom she thought the world with but the situation changed by his betrayal. Now she is a single independent working lady.

Her broken marriage completely led to the revolution of her life. Sometimes when we sat together for some leisure hours she would narrate the story with a teary eyes. It began.. it was dark and stormy night, the rain fell in torrents except at occasional intervals, when it was checked by a violent gust of wind which swept up the street, rattling along the house tops, fiercely agitating the scanty flame of the lamp that struggled against the darkness. 

There was a knock on the door. Deep in her heart she was overjoyed as it was the time for the arrival of her husband. It was the best time of the day where she would simply luxuriate in the presence of this manly figure. Her husband Tshering has a tanned complexion, thick beard, muscular body and was a man of few words but a man of wisdom. He held a prestigious position where he was respected by both his subordinates and the ordinary people around. He worked and mostly lived in another city. 

As soon as Wangmo opened the door she noticed something unusual about him. She  let it slip as she thought it would be a work pressure. As she let him in and served dinner she observed his frown all the while. It was in the dead of the night when the telephone rang three times and the voice at the other end asking for someone who she was not.  

The following day, Wangmo planned something. She planned to do something otherwise she would have never ever thought of. She called her relatives when her husband left for work as always. She fed her children and put them to bed. She closed her shop early and set out at midnight. The entourage followed the bumpy road until they met a dark figure who showed them clear direction to their destination. Then the entourage resumed their journey. In the stillness of the night only the chirping of the crickets could be heard. 

They stopped in front of a shop which seemed semi-closed. Two brothers stepped out of the car and went towards that shop. In the shop behind the counter they spotted a tall slim woman who had a pointed nose, specks parked on the nose tip and fully freckled face. She looked rather stern. Two brothers asked for a drink which the woman offered hesitantly. As the woman was moving about with some minor chores the two brothers spotted a pile of empty boxes that blocked the door leading inside. 

One of the brother immediately and silently got up rushing to open that door. In the far corner of the room on a bed was Wangmo's husband already readied to share  bed with another woman. He called his sister and entourage to declare what they had been hearing for decades was indeed true. A chubby woman whose identity still remains confidential came to Wangmo and told her about her husbands infidelity. But Wangmo was bother less since she trusted her husband so much. That midnight it was proven true. Her husband was trust less.

Witnessing such a thing Wangmo dropped on the floor and warm tears flowed like a wild gushing river. Her eyes were completely dripped with tears. Her walls, the walls that held her up, made her strong just... collapsed. Moment by moment, they fell. Salty drops fell from her chin, drenching her shirt. Perhaps these tears will help wash the blood out. She was anything but innocent. She was trembling. It's raw, everything, raw tears, raw emotions. 

Who would have expected such a thing after 18 years of marriage ? This was the official end to her marriage.

The prayers flags fluttered through the cool breeze blessing the city with life enriching values. Wangmo witnessed her life being blessed as well  as torn apart. Yet her heart was seeking for an answer to the question which did not seem to bother the people surrounding her life. With every breath she took she realised how fortunate she was to be alive and witness the changes. 

Contributed by 
Karma Tshoki.

Friday, April 13, 2018

Poem: College Students Now.

Students are in college without much knowledge,
And they act like they are in village.
Teacher teaches the value education with dedication
But students misuses without hesitation.
Students give more attention to their affection,
And at last they suffer from rejection.

Oh College Student!!

Your priority should be learning
Not earning,
And show your passion
Instead of showing fashion.
Make your life sparkling
Rather than darling.

Karma Nidup.
Bachelor's in language & literature.
CLCS, Trongsa.

Buddhist Temple in Pemaling, Samtse, Bhutan

 Buddhist Temple in Pemaling, Samtse, Bhutan Photograph by Karma Nidup, Bhutanese Jester